ཁེ་ལས་དང་མཉམ་ལས་ཁང་ཟུང་འབྲེལ་བྱས་པས་འབབ་འཕར་ལ་ཕན་འབྲས་དེ་བས་ཆེ་བ་ཐོབ་པ།

ཡོང་ཁུངས། སྤེལ་དུས 2019-12-26

692971_yis_1577163230087_s.jpg

ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་སྟག་རྩེ་བཟོ་ལས་གླིང་དུ་ཡོད་པའི་བོད་ལྗོངས་ཧྲེང་ཤིང་བཟོ་ལས་དང་ཚོང་དོན་ཚད་ཡོད་ཀུང་སིས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་དང་ཕྱུག་འགྱུར་སྣེ་ཁྲིད་པ་བརྒྱུད“ཚད་གྲངས་མཐོ་ཤོས་མེད་པ་དང་མཐའ་ཚད་འགན་ལེན་བྱེད་པའི”ཉོ་སྒྲུབ་གྲོས་མཐུན་བཞག་ནས་ཞིང་འབྲོག་པའི་གཏན་འཇགས་ཡོང་འབབ་མང་དུ་ནུས་ལྡན་བཏང་བས། ཞིང་འབྲོག་པ་39ལས་ཞུགས་ཐུབ་པ་དང་མི་རེའི་ཆ་སྙོམས་གླ་ཆ་སྒོར་3900ཟིན་ཡོད། ནམ་དུས་རང་བཞིན་གྱི་ཞིང་པ་གླ་པ་དང་དེ་བཞིན་སྐྱེལ་འདྲེན་འདོན་འཇུག་བཟོ་པ་50ཙམ་བཀོད་སྒྲིག་བྱས་ཡོད་ལ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དུད་ཚང་མི་རེར་ལོ་རེར་བགོ་འགྲེམས་སྒོར་3000སྤྲད་ནས་ཞིང་འབྲོག་པར་འབབ་འཕར་ཡོང་བར་སྐུལ་མ་ནུས་ལྡན་བཏང་ཞིང་། འདི་ནི་ཀུང་སི་འདིའི་ཐོན་སྐྱེད་འཁོར་ཁང་ནང་ས་གནས་འདི་གའི་དུད་ཚང་དབུལ་པོའི་ལས་ཞུགས་བཟོ་པས་བལ་ཡག་སྒྲུག་རྒྱག་བཞིན་པ།


རྩོམ་སྒྲིག་པ།