རི་བོ་ཆེ་རྫོང་གཤམ་ཁྱིམ་གྲོང་ཚོས་ཐོན་ལས་ལ་བརྟེན་ནས་གྲོང་ཚོ་དར་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པ།

ཡོང་ཁུངས། སྤེལ་དུས 2019-12-11

ཉེ་བའི་ལོ་ཤས་རིང་། རི་བོ་ཆེ་རྫོང་རི་བོ་ཆེ་གྲོང་རྡལ་གཤམ་ཁྱིམ་གྲོང་ཚོས་ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱེད་པ་དང་། ལྗང་མདོག་ཞིང་ལས་ཐོན་ཟོག་འཕེལ་རྒྱས་གཏོང་རྒྱུ་ཁ་ཕྱོགས་སུ་བྱས་ནས། “གྲོང་ཚོ་རེར་སྤུས་རྟགས་རེ”གཏོད་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། “ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་། ལས་བྱེད་པས་སྣེ་ཁྲིད་པ། མང་ཚོགས་དེའི་ནང་ཞུགས་པ”བཅས་ཀྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་ཐུབ་ནས་གཤམ་ཁྱིམ་གྱི་ལྗང་མདོག་ཉུང་མའི་ཐོན་ལས་བཏོད་པ་རེད།

ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་བྱས་པས་དམག་འཐབ་མཁར་རྫོང་བརྟན་དུ་ཕྱིན་པ། 2018ལོ་ནས་བཟུང་། གཤམ་ཁྱིམ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་སྔ་རྗེས་སུ་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་ནས་བརྟག་ཞིབ་ཐེངས་20ལྷག་ཙམ་བྱས་པ་དང་། གྲོང་མིའི་ཚོགས་ཆེན་ཐེངས་5དང་ལས་དོན་སྐུལ་སྤེལ་ཚོགས་འདུ་ཐེངས་3འཚོགས་ཏེ“ཏང་ཀྲི་པུའུ་དང་། རྟེན་གཞི། ཞིང་དུད། ཁྲོམ་ར་བཅས་ཟུང་འབྲེལ”གྱི་རྣམ་པར་གཞི་འཛུགས་པ་དང་། ཏང་ཀྲི་པུའི་ཁྲིད་སྟོན་ལ་བརྟེན་ནས“སྲོལ་རྒྱུན་ཁྱད་ལྡན་དུ་འགྱུར་བ་དང་། ཞིང་པ་རྐང་བདག་ཏུ་འགྱུར་བ། ཁེ་སྤོགས་བགོ་འགྲེམས་ཡོད་པའི”འགྲོ་ལམ་འཚོལ་ཞིབ་བྱས་ནས། མཉམ་སྡེབ་དཔལ་འབྱོར་བཏོད་པས་ཞིང་དུད་ལ་རྒྱུན་མཐུད་འབབ་འཕར་བྱུང་ཡོད། མིག་སྔའི་བར། གཤམ་ཁྱིམ་གྲོང་ཚོའི་ཏང་ཀྲི་པུས་གྲོང་ཚོའི་ལས་བྱེད་པ་9དང་། གཉིས་ལྡན་དུད་སྦྲེལ་གྱི་སྤྱི་མི་11 མང་ཚོགས་54བཅས་ཉུང་མ་ལས་སྣོན་ནང་ཞུགས་སུ་བཅུག་སྟེ། “བཏོད་ཟིན་པའི་ཁེ་སྤོགས་དང་མང་ཚོགས་དེའི་ནང་ཞུགས་རྒྱུ་ཟུང་འབྲེལ”གྱི་བྱ་ཐབས་སྤྱད་དེ་སྨི་ངོས་གྲུ་200ཟིན་པའི་ཚད་ལྡན་ཅན་གྱི་ཐོན་སྐྱེད་འཁོར་ཁང་བཙུགས་པས། དུད་ཚང་དབུལ་པོ་54ལ་འབབ་འཕར་བྱུང་ཡོད།

ལས་བྱེད་པས་སྣེ་ཁྲིད་རྗེས་ཐོན་ལས་ཀྱི་ཚོང་གཉེར་ལམ་བུ་རྒྱ་ཆེར་ཕྱིན་པ། 2019ལོ་ཚུན་དུ་གཤམ་ཁྱིམ་གྲོང་ཚོའི་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས“གཅིག་གྱུར་ཐོག་མ་བཅོས་རྒྱུ་ཆ་ཉོ་སྒྲུབ་དང་། གཅིག་གྱུར་ཐོག་སྒྲིག་འཛུགས་ལག་བསྟར། གཅིག་གྱུར་ཐོག་ལས་སྣོན་ཐོན་སྐྱེད། གཅིག་གྱུར་ཐོག་་སྦྲེལ་མཐུད་ཕྱིར་ཚོང་བཅས‘གཅིག་གྱུར་བཞིའི’བྱེད་ཐབས་སྤྱད་པ་དང་། མཉམ་ལས་ཁང་གིས་དུས་ཚོད་གཏན་འཁེལ་དང་། གྲངས་ཚད་གཏན་འཁེལ། རིན་གོང་གཏན་འཁེལ་བཅས་ཀྱི་ཐོག་ནས་གྲོང་མི་ཚོའི་ཉུང་མ་ཉོས་པས་མང་ཚོགས་ཕྱིར་འགྲོ་མི་དགོས་པར་ཉུང་མ་ཁྲོམ་རའི་རིན་གོང་ལས་མཐོ་བའི་སྒོ་ནས་ཕྱིར་ཚོང་ཐུབ་ཡོད།

མང་ཚོགས་དེའི་ནང་ཞུགས་པས་ལག་ཟུང་ལ་བརྟེན་ནས་ཕྱུག་པོ་ཆགས་པ། གཤམ་ཁྱིམ་གྲོང་ཚོའི་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་གཤམ་ཁྱིམ་གྲོང་ཚོའི་དཀའ་ངལ་སྣ་ཚོགས་ལ་གཞིགས་ནས་ཞན་ཆ་གསབ་པ་དང་། ཉམས་ཞན་སྟོབས་ཆེར་གཏོང་བ། གཞི་རྩ་བརྟན་གཏོང་བཅས་མཐའ་འཁྱོངས་བྱས་ནས། ཉུང་མའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་གྲོང་མིའི་བསམ་འཆར་དང་གྲོས་འགོ་ཁག་20ལྷག་ཙམ་འཚོལ་བསྡུ་བྱས་ཏེ་དུས་བཀག་ནང་མང་ཚོགས་ལ་ཉུང་མའི་ཐོན་ལས་འཕེལ་རྒྱས་གཏོང་བའི་དོན་སྙིང་གལ་ཆེན་འཆད་ཁྲིད་བྱས་པ་དང་། མང་ཚོགས་སྐུལ་སློང་བྱས་ནས་བསམ་བློའི་བཀག་རྒྱ་མེད་པ་བཟོས་ཏེ་དེའི་ནང་ཧུར་ཐག་ཞུགས་སུ་བཅུག་ཡོད། མིག་སྔའི་བར་དུད་ཚང་54རང་འགུལ་ངང་དེའི་ནང་ཞུགས་ཡོད། གྲོང་མི་ཆོས་གྲགས་ཀྱིས་མཉམ་ལས་ཁང་གི་ཕྱིར་ཚོང་ཐབས་ལམ་བརྒྱུད་ཉུང་མའི་ལས་སྣོན་ཐོན་རྫས་འཚོང་ཐེངས་གཅིག་ལ་སྒོར་1300བྱུང་ཡོད། ཆོས་གྲགས་ཀྱིས་ད་ཆ་དེའི་ཐད་ཀྱི་ཕན་པ་མིག་མཐོང་ལག་ཟིན་བྱུང་བས་ངས་བསམ་བློ་གཏོང་ཕོད་ལ་དེ་བས་ལས་ཀ་བྱེད་ཕོད། རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་ཕྱུག་པོ་ཆགས་པ་བྱེད་ཀྱི་ཡིན། སང་ལོ་ཉུང་མ་འདེབས་ཁྱོན་མུའུ་10མང་དུ་གཏོང་རྒྱུའི་འཆར་གཞི་ཡོད་པས་ཡོང་འབབ་མང་པོ་ཡོང་ངེས་རེད”ཅེས་གསར་འགོད་པར་བཤད་བྱུང་།


རྩོམ་སྒྲིག་པ།