གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིས་མང་ཚོགས་ཕྱུག་འགྱུར་ལམ་དུ་ཁྲིད།

ཡོང་ཁུངས། སྤེལ་དུས 2018-12-28 16:40:36

འབྲི་རུ་རྫོང་འབྲི་རུ་གྲོང་རྡལ་སྐྱམ་རམ་གྲོང་ཚོ་རྫོང་གྲོང་དང་བར་ཐག་སྤྱི་ལེ་བཅུ་གྲངས་ལས་མེད་ཀྱང་། 2014ལོའི་གོང་དུ་ཐོན་སྐྱེད་ཐོན་ཁུངས་མི་འདང་བ་དང་འདེགས་སྐྱོར་ཐོན་ལས་མེད་པའི་རྐྱེན་གྱིས་ས་གནས་དེ་གའི་གྲོང་མི་ཕྱིར་གླ་པ་འགྲོ་བའམ་ཡང་ན་དབྱར་རྩྭ་དགུན་འབུ་འཐུ་བར་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། 2014ལོར་ལོ་60ལ་སླེབས་པའི་ཏང་ཀྲི་པུའི་ཧྲུའུ་ཅི་དཀོན་མཆོག་བསམ་འཕེལ་གྱིས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱི་སྣེ་ཁྲིད་དེ“མ་རྐང་འཇོག་པ+དངུལ་བུན་གཡར་བའི”བྱེད་ཐབས་སྤྱད་ནས་འགྲིམ་འགྲུལ་སྟབས་བདེ་བའི་ལེགས་ཆར་བརྟེན་ཏེ་སྐྱམ་རམ་གྲོང་ཚོའི་ཞིང་འབྲོག་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་བཙུགས་ནས་དབུལ་སྐྱོར་གྱི་བར་ཁྱམས་རིང་མོའི་གཤེར་རླངས་ས་ཚིགས་ཀྱི་རྣམ་གྲངས་ནང་འདྲེན་བྱས་པ་རེད།

2016ལོར་དངོས་སུ་མ་རྩ་བཏང་སྟེ་གཉེར་འགོ་ཚུགས་པ་ནས། མིག་སྔའི་བར་མཉམ་ལས་ཁང་གིས་བུ་ལོན་ཚང་མ་སྤྲད་ཟིན་པ་དང་སྒོར་ཁྲི་170ལྷག་ཙམ་གྱི་འཕེལ་རྒྱས་ཐེབས་རྩའི་དངུལ་བསགས་པ་མ་ཟད། ད་དུང་གྲོང་ཚོ་ཡོངས་ཀྱི་དུད་ཚང་རེར་ལོ་མཇུག་ཏུ“ཁེ་སྤོགས་བགོ་བ+གླ་ཕོགས”ཀྱི་ཡོང་འབབ་མི་རེར་ཆ་སྙོམས་སྒོར་ཁྲི་ཡན་ཟིན་གྱི་ཡོད་པས་ཉེ་རིང་གང་སར་སྐད་གྲགས་ཆོད་པའི“སྒོར་ཁྲིའི་གྲོང་ཚོར”གྱུར་ཅིང་།

562433_yis_1540786328231_s.jpg

འདི་ནི་སྐྱམ་རམ་གྲོང་ཚོའི་གྲོང་མིས་དབུལ་སྐྱོར་གྱི་བར་ཁྱམས་རིང་མོའི་གཤེར་རླངས་ས་ཚིགས་སུ་གཤེར་རླངས་བླུག་མཁན་ལ་དབུགས་རིལ་དབོར་རོགས་བྱེད་བཞིན་པ།

562432_yis_1540786327544_s.jpg

འདི་ནི་སྐྱམ་རམ་གྲོང་ཚོའི་དབུལ་སྐྱོར་གྱི་བར་ཁྱམས་རིང་མོའི་གཤེར་རླངས་ས་ཚིགས་ཡིན་པ།


རྩོམ་སྒྲིག་པ།