ཉིང་ཁྲིར་ཚོང་རྟགས་ནུས་ལྡན་ཐོ་འགོད་བྱེད་ཚད་2000ལྷག་ཙམ་ཟིན་པ།

ཡོང་ཁུངས། སྤེལ་དུས 2019-12-16

ཉེ་ཆར། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་1ནས་11བར་ཉིང་ཁྲི་གྲོང་ཁྱེར་དུ་ནུས་ལྡན་ཐོ་འགོད་བྱས་པའི་ཚོང་རྟགས་693མང་དུ་ཕྱིན་པ་དང་མིག་སྔར་གྲོང་ཁྱེར་འདིའི་ཚོང་རྟགས་ནུས་ལྡན་ཐོ་འགོད་བྱེད་ཚད་2008ཟིན་པ་དེས་ཆ་སྙོམས་ཁྲོམ་རའི་བྱེད་པོ་11.75ལ་ཚོང་རྟགས་ནུས་ལྡན་1ལྡན་པ་མཚོན་པ་མ་ཟད། ནུས་ལྡན་ཚོང་རྟགས་ཐོ་འགོད་བྱེད་ཚད་དེ་ལྗོངས་ཡོངས་ཀྱི་མདུན་གྲས་སུ་སླེབས་ཡོད།

འདི་ལོ་ཚུན་དུ། ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་འགན་ནུས་འདོན་སྤེལ་གང་ལེགས་བྱས་པ་དང་ཚོང་རྟགས་སྤུས་རྟགས་སྐྱེད་སྲིང་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སྣོད་བཅུད་ཡུལ་སྐོར་ལས་རིགས་དང་། ཁྱད་ལྡན་ཞིང་འབྲོག་ལས། བོད་ཀྱི་གསོ་བ་རིག་པའི་ལས་རིགས། མི་རིགས་ལག་ཤེས་བཟོ་ལས་སོགས་ལེགས་ཆའི་ཐོན་ལས་ཀྱི་ལྟེ་བའི་འགྲན་ནུས་དང་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་བཏང་བ་དང་། སྤུས་རྟགས་གོང་ཁེ་དང་། ལྗང་མདོག སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཡོང་བར་སྐུལ་འདེད་བཏང་བ། ཉིང་ཁྲི་གྲོང་ཁྱེར་གྱི་ཤེས་བྱའི་བདག་དབང་ལས་དོན་འཕེལ་རྒྱས་མྱུར་པོ་འགྲོ་བར་སྐུལ་འདེད་བཏང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཁེ་བེད་བདག་ཐོབ་ཅུས་ལྷ་ས་ཚབ་སྒྲུབ་ཁྲུའུ་དང་རང་སྐྱོང་ལྗོངས་ཤེས་བྱའི་བདག་དབང་ཅུས་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་མཉམ་ལས་ལམ་སྲོལ་བཟོས་ཏེ་ཞིང་འབྲེལ་ཚོང་རྟགས་སྐྱེད་སྲིང་དང་སྤུས་རྟགས་གཏོད་པའི་ལས་དོན་གཏིང་ཟབ་སྤེལ་བ་མ་ཟད། ཉིང་ཁྲིའི་ཚོང་རྟགས་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་། མཚན་སྙན་ཁྱབ་ཚད། ཤུགས་རྐྱེན་ཐེབས་ཚད་བཅས་སྔར་བས་ཆེ་རུ་ཕྱིན་པ་དང་ཉིང་ཁྲིའི་ཚོང་རྟགས་ཀྱི་འཐབ་ཇུས་ལག་བསྟར་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད་པ་རེད། དེ་དང་དུས་མཚུངས་གྲོང་ཁྱེར་དེས་ཁང་ཕྱིའི་བརྡ་ཁྱབ་ཆེན་པོ་བཏང་བ་དང་། དྲིལ་བསྒྲགས་གློག་བརྙན་བསྟན་པ། བཅར་འདྲི་དང་རྟོག་ཞིབ་བྱས་པ། བཞུགས་མོལ་སྤེལ་རེས་བྱས་པ། ངོ་ཐུག་གདོང་འཕྲད་ངང་སྒྲོག་འགྲེལ་བྱས་པ་སོགས་ཀྱི་ཐབས་ལ་བརྟེན་ནས་སྤྱི་ཚོགས་ལས་རིགས་ཁག་ལ“ལྕེ་རྩེའི་ཐོག་གི་ཉིང་ཁྲིའི་ཐོན་རྫས་ཡག་པོ”དང“ཉིང་ཁྲིའི་གྲགས་ཅན་ཚོང་རྟགས”དང་དེ་བཞིན་ཚོང་རྟགས་སྐྱེད་སྲིང་དང་། ཁེ་བེད་བདག་ཐོབ་རེ་ཞུ་སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། བེད་སྤྱོད་གཏོང་སྟངས་དང་འབྲེལ་ཡོད་གོ་རིམ་བཅས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ནས་དམངས་ཡོངས་ཀྱི་སྤུས་རྟགས་གཏོད་པ་དང་སྤུས་རྟགས་སྐྱེད་སྲིང་འདུ་ཤེས་ཉིན་རེ་བཞིན་ཟབ་ཏུ་ཕྱིན་ཡོད་པ་རེད།


རྩོམ་སྒྲིག་པ།