ཀྲུང་གོ་དང་། ཨུ་རུ་སུ། མོང་གོལ་རྒྱལ་ཁབ་བཅས་ཀྱི་ཡིད་འོང་ཕོ་ཉའི་རྒྱལ་སྤྱིའི་འགྲན་བསྡུར་ཆེ་མོ་སྐབས་བཅུ་དྲུག་པ་མཇུག་འགྲིལ་བ།

ཡོང་ཁུངས། སྤེལ་དུས 2019-12-26

693472_yis_1577249428495_s.jpg

2019ལོའི་ཟླ་12ཚེས་23ཉིན་གྱི་དགོང་མོར“བདེ་ཐང་དང་། མཛེས་སྡུག ཞི་བདེ། མཛའ་གྲོགས”བཅས་བརྗོད་དོན་གཙོ་བོར་བཟུང་བའི་ཀྲུང་གོ་དང་། ཨུ་རུ་སུ། མོང་གོལ་རྒྱལ་ཁབ་བཅས་ཀྱི་ཡིད་འོང་ཕོ་ཉའི་རྒྱལ་སྤྱིའི་འགྲན་བསྡུར་ཆེ་མོ་སྐབས་བཅུ་དྲུག་པ་ནང་སོག་རང་སྐྱོང་ལྗོངས་ཀྱི་མན་ཀྲོའུ་ལི་གྲོང་ཁྱེར་དུ་མཇུག་འགྲིལ་ཞིང་། ཀྲུང་གོ་དང་། ཨུ་རུ་སུ། མོང་གོལ་རྒྱལ་ཁབ་བཅས་ནས་ཡོང་བའི་བདམས་ཐོན་པ36མཐར་བསྡུར་ནང་ཞུགས་པ་རེད།

འདི་ནི་ཚེས་23ཉིན་ཨང་དང་པོ་ཐོབ་མཁན་ཀྲུང་གོའི་བདམས་ཐོན་པ་ཙང་ཤིས་པོ(མདུན་གྱི་དཀྱིལ)དང་། ཨང་གཉིས་པ་ཐོབ་མཁན་མོང་གོལ་རྒྱལ་ཁབ་ཀྱི་བདམས་ཐོན་པ་ཆི·ཨ་ནུའུ་ཅིན(མདུན་གྱི་གཡས) ཨང་གསུམ་པ་ཐོབ་མཁན་ཨུ་རུ་སུའི་བདམས་ཐོན་པ་ཀོ་ལུའོ་ཝེ་ན·ཡ་ལི་ཧྲན་ཏ(མདུན་གྱི་གཡོན)བཅས་ཀྱིས་ལྟད་མོ་བར་གུས་ལན་ཞུ་བཞིན་པ། 


རྩོམ་སྒྲིག་པ།