དགའ་སྤྲོའི་ངང་ཕ་ཡུལ་དུ་ལོག་པ།

ཡོང་ཁུངས། སྤེལ་དུས 2019-12-26

ཉེ་དུས། ཀྲུང་གོ་སྦྲག་ལས་ཚོགས་པ་ཀུང་སི་བོད་རང་སྐྱོང་ལྗོངས་ཡན་ལག་ཀུང་སི་དང་མཚོ་བོད་ལྕགས་ལམ་ཀུང་སི་ལྷ་ས་བབས་ཚུགས་ཀྱིས་མཉམ་དུ་གཉེར་བའི་སྐབས་གསུམ་པའི“དགའ་སྤྲོའི་ངང་ཕ་ཡུལ་དུ་ལོག སྦྲག་ལས་ཁྱེད་དང་མཉམ་དུ་གནས”ཞེས་པའི་རིན་མེད་ངང་མེ་འཁོར་སྤ་སེ་སྤྲོད་པའི་སྤྱི་ཕན་བྱེད་སྒོ་དེ་ལྷ་ས་མེ་འཁོར་བབས་ཚུགས་སུ་གཉེར་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་སྦྲག་ལས་ཚོགས་པ་ཀུང་སི་བོད་རང་སྐྱོང་ལྗོངས་ཡན་ལག་ཀུང་སིས་མ་དངུལ་སྒོར་ཁྲི་20ལྷག་ཙམ་བཏང་ནས་ཟླ་12ཚེས་23ཉིན་ནས་ཟླ་12ཚེས་26ཉིན་བར་ལྷ་ས་ནས་ཁྲེང་ཏུའུ་དང་། ཁྲུང་ཆིང་། ཟི་ལིང་། ལན་ཀྲོའུ་བཅས་སུ་བསྐྱོད་པའི་མེ་འཁོར་སྤ་སེ་ཁྱོན་436ཉོས་ཡོད་པ་རེད།

693446_yis_1577249356718_s.jpg

འདི་ནི་ལྷ་ས་མེ་འཁོར་བབས་ཚུགས་ཀྱི་ལས་དོན་པས་ལས་མི་མེ་འཁོར་ནང་ཞུགས་རྒྱུར་རོགས་རམ་བྱེད་བཞིན་པ།

693445_yis_1577249356360_s.jpg

འདི་ནི་རོགས་སྐྱོར་བྱེད་མཁན་ལས་མི་ལྷ་ས་མེ་འཁོར་བབས་ཚུགས་སུ་མེ་འཁོར་སྒུག་བསྡད་ཡོད་པ།


རྩོམ་སྒྲིག་པ།