2019ལོའི་མི་སེམས་འགུལ་བའི་མི་དང་བྱ་བ།

ཡོང་ཁུངས། སྤེལ་དུས 2019-12-26

མི་སེམས་ལ་སྤྲོ་སྣང་སྟེར་བའི་སྟོབས་ཤུགས་རེ་ཟུང་དུས་ཚོད་ཇི་ཙམ་ཕྱིན་རུང་མི་རྣམས་ཀྱི་བློ་ངོར་ཝ་ལེར་འཆར་ངེས། 2019ལོར་ཕྱིར་དྲན་བྱེད་སྐབས། ང་ཚོའི་ཉེ་འགྲམ་དུ་བརྗེད་པར་དཀའ་བའི་མི་དང་བྱ་བ་མང་པོ་ཞིག་ཐོན་ཡོད་དེ། ལོ་ན་མཐོ་བའི་དམག་མི་རྒན་གྲས་ཀྱི་གཟི་བརྗིད་ལྡན་པའི་དམག་མིའི་གུས་ལུཌ་སམ་ཡང་ན་དབུལ་སྐྱོར་ལས་བྱེད་པའི་བྲེལ་བརྩོན་ཆེ་བའི་གཟུགས་བརྙན། ཡང་ན་རི་ཁུལ་གྱི་བྱིས་པ་ཚོའི་གཅེས་པར་འོས་པའི་འཛུམ་མདངས་སོགས་དེ་དག་རེ་རེ་ལས། མི་སེམས་འགུལ་བའི་རྣམ་པ་ཞིག་མངོན་ཡོད་ལ། ང་ཚོས་འདས་ཟིན་པའི་ལོ་འདིའི་ནང་བྱུང་བའི་བྱ་བཟང་དེ་དག་ནམ་ཡང་བརྗེད་པར་དཀའ།

693447_yis_1577249368029_s.jpg

(17)ཀུའེ་ཀྲོའུ་དང་ཀོང་ཤིས་ཀྱི་སྦྲེལ་མཚམས་སུ་གནས་པའི་ཝུའུ་དབྱིང་མེའོ་རིགས་ཀྱི་གྲོང་སྡེར་གྲོང་སྡོད་ཧྲུའུ་ཅི་དང་པོ་ཝུའེ་ཀུའེ་ཧྭ(གཡས་ཀྱི་བཞི་པ)དང་། ཏང་ཡོན་ལེང་ཁྲེང་པིང(གཡས་ཀྱི་གསུམ་པ) ལེང་ཀྲི་ཤིན(གཡོན་གྱི་གཉིས་པ)བཅས་ཀྱིས་གྲོང་མིའི་སྣེ་འཁྲིད་དེ་ཆུ་རགས་ཉམས་བཟོ་བྱེད་བཞིན་ཡོད། ཝུའུ་དབྱིང་མེའོ་རིགས་ཀྱི་གྲོང་སྡེའི་མཉམ་འབྲེལ་ཏང་ཀྲི་པུས་ལས་དོན་ཁག་ཁྲོད་སྣེ་ཁྲིད་ཀྱི་ནུས་པ་ཧུར་ཐག་བཏོན་ནས་མང་ཚོགས་སྣེ་ཁྲིད་བྱས་ཏེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་གོམ་སྟབས་བརྟན་པོས་སྐྱོད་བཞིན་ཡོད།

693448_yis_1577249368419_s.jpg

(18)ལོ་92ལ་སླེབས་པའི་རྒན་ཡོལ་ཞུས་པའི་དགེ་རྒན་ཡེ་ལན་ཕིང་ནི་ཨན་ཧུའེ་ཞིང་ཆེན་ཧོ་རྫོང་ཝུའུ་ཅང་གྲོང་རྡལ་ཕུའུ་ཁྲེན་གྲོང་ཚོར་འཚོ་བ་སྐྱེལ་བཞིན་ཡོད་པ་དང་། ན་གཞོན་མང་ཆེ་བ་ཕྱིར་ལས་ཀར་བསྐྱོད་ནས་གྲོང་ཚོ་དེ་གར་རྒན་རྒོན་དང་ཕྲུ་གུ་ལས་ལྷག་མེད། དེ་ཕྱིར་ཁྱིམ་བདག་གིས་ཕྲུ་གུའི་སློབ་སྦྱོང་ལ་ཟུར་ཁྲིད་བྱེད་པའི་ནུས་པ་མེད། 2000ལོར་དགེ་རྒན་ཡིན་པའི་ཡེ་ལན་ཕིང་གིས“གཞིས་ལུས་ཀྱི་ན་སོ་དར་ལ་མ་བབས་པའི་ཁྱིམ་ཚང”བཙུགས་ནས་ཕྲུ་གུ་ཚོར་དབྱིན་ཡིག་རིན་མེད་གསབ་སྦྱོང་བྱེད་རྒྱུའི་སེམས་ཐག་བཅད་ཅིང་། ལོ་19ཡི་རིང་ཡེ་ལན་ཕིང་གིས་ཕྲུ་གུ་1000ལྷག་ཙམ་ལ་རོགས་རམ་བྱས་ཡོད། འདི་ནི་ཟླ་7ཚེས་31ཉིན་ཡེ་ལན་ཕིང་གིས“གཞིས་ལུས་ཀྱི་ན་སོ་དར་ལ་མ་བབས་པའི་ཁྱིམ་ཚང”གི་སློབ་ཁང་ནང་སློབ་མས་སྤྲད་པའི་ཤོག་རྩེད་ལག་རྟགས་ལ་ལྟ་བཞིན་པ།

693449_yis_1577249368793_s.jpg

(19)ལོ་33ལ་སླེབས་པའི་ཝང་ཀང་ནི་ལེའོ་ཉིང་ཞིང་ཆེན་ཐིའེ་ལིང་གྲོང་ཁྱེར་ཁྲང་ཐུའུ་རྫོང་ལེང་ཅ་ཙི་གྲོང་རྡལ་ཧོ་ཤིས་གྲོང་ཚོ་ནས་ཡིན་པ་དང་། པ་ཕ་ཡིན་པའི་ཁོང་ལ་ལག་པ་གཉིས་ཀ་མེད་པས་ཕྲུ་གུ་པང་དུ་བཏབ་ཐབས་བྲལ་ཡང་ཁོང་གིས་རང་གི་ཐབས་ལ་བརྟེན་ནས་ནང་མིར་ལྟ་རྟོག་བྱེད་གང་ཐུབ་བྱེད་ཀྱི་ཡོད། “ལག་པ་མེད་པའི་པ་ཕས”མི་མང་པོར་སྟོབས་ཤུགས་སྦྱིན་པ་དང་སྐུལ་ལྕག་ཐེབས་ནས་ཚང་མས་མཛའ་བརྩེའི་ངང་ཁོང་ལ“པ་ཕ་གྱོང་ཤོས”ཞེས་འབོད་ཀྱི་ཡོད། འདི་ནི་ཟླ་8ཚེས་8ཉིན་ཝང་ཀང་གིས་བུ“རོའུ་རོའུ”དང་རྩེད་མོ་རྩེ་བཞིན་པ།

693450_yis_1577249369183_s.jpg

(20)ཁོང་གཉིས་གཉེན་སྒྲིག་བྱས་ནས་ལོ་51སོང་ལ་སྨན་པ་བྱས་ནས་ལོ་51སོང་བ་དང་། མཉམ་དུ་ནད་བཅོས་སྲོག་སྐྱོབ་ཀྱི་བླ་ན་མེད་པའི་འགན་འཁྲི་འཁུར་བཞིན་ཡོད། བྲེལ་འཚུབ་ཁྲོད་ལས་ཀ་དང་འཚོ་བ་དོ་སྙོམས་ཡོང་བར་བྱས་ཏེ་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད། འདི་ནི་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོའན་ཧྲི་པེ་ཅིང་ཞེ་ཧོ་སྨན་ཁང་རུས་ནད་ཚན་ཁག་གི་སྨན་པ་འབུམ་རམས་པ་ཆིའུ་ཀུའེ་ཤིང(གཡས)དང་མོ་ནད་བུ་བཙའི་ཚན་ཁག་གི་སྨན་པ་འབུམ་རམས་པ་ལིན་ཧྲོའི་ཆིང་གི་མཉམ་པར་ཡིན་པ།

693451_yis_1577249369745_s.jpg

(21)ཟླ་10ཚེས་1ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། འདི་ནི“གུས་འདུད”ཀྱི་རུ་སྟར་གྲུ་བཞིའི་ཁྲོད་དམག་མི་རྒན་གྲས་ཀོན་མའོ་ལིན་སེམས་འགུལ་ཐེབས་པའི་རྣམ་པ་ཡིན་པ།

693452_yis_1577249370119_s.jpg

(22)ཅང་ཤིས་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་ཤིས་ཧུའུ་ཆུས་ཧྲེང་ཅིན་ཐ་སྡེ་ཁུལ་དུ་དམིགས་བསལ་གྱི་ཁྱོ་ཤུག་ཅིག་ཡོད། ལོ་74ལ་སླེབས་པའི་ཁྱོ་ག་ཞུང་ཅིན་ཀེན་རྣ་ཤེས་ཉམས་པ་དང་། ལོ་67ལ་སླེབས་པའི་བཟའ་ཟླ་ཡེ་ཝུན་ཅོན་ལ་བྱིས་པའི་སྦྲིད་ནད་ཕོག་པས་འགྲོ་སྐྱོད་སྟབས་བདེ་པོ་མེད། ཁྱོ་ཤུག་གཉིས་ཕན་ཚུན་ལྟ་རྟོག་དང་བརྩེ་བ་ཟབ་མོ་བཅངས་བཞིན་ལོ་30ལྷག་ཙམ་མཉམ་དུ་འཚོ་བ་བསྐྱལ། འདི་ནི་ཡེ་ཝུན་ཅོན་གྱིས་ཞུང་ཅིན་ཀེན་ལ་མངགས་བྱ་བྱེད་བཞིན་པ།

693453_yis_1577249370572_s.jpg

(23)འདི་ལོ་ལོ་29ལ་སླེབས་པའི་ཧྥང་རུང་ནི་ཧུའུ་པེ་ཞིང་ཆེན་ཏ་པེ་ཧྲན་ཆུས་ལུའོ་ཐེན་རྫོང་ཕུགས་རེ་སློབ་ཆུང་གི་སློབ་སྤྱི་ཡིན་ལ། དེ་སྔ་སློབ་ཆུང་དེའི་སློབ་མ་ཞིག་ཀྱང་ཡིན་པ་རེད། ཧྥང་རུང་ནི་དེ་སྔ་གཞིས་ལུས་བྱིས་པ་ཞིག་ཡིན་པ་དང་། ཁྱིམ་གྱི་འཁོས་ཀ་ཞན་པས་སྐབས་ཤིག་རིང་སློབ་མཚམས་འཇོག་པའི་ཉེན་ཁར་གྱར། ཕུགས་རེའི་འདུ་འགོད་དང་གཅེས་སེམས་མི་སྣའི་རོགས་རམ་འོག་ཁོང་གཞི་ནས་སློབ་མཐར་ཕྱིན་པ་བྱུང་ཡོད། ལོ་19ལ་འབྲིང་རིམ་དགེ་འོས་སློབ་གྲྭ་ཐོན་རྗེས་ཧྥང་རུང་ལ་རི་ཁུག་ནས་ཕྱིར་བསྐྱོད་རྒྱུའི་གོ་སྐབས་རག་ནའང་ཁོང་གིས་གཡོ་འགུལ་སྤུ་ཙམ་མེད་པར་མ་ཡུམ་སློབ་གྲྭར་ལོག་སྟེ་དགེ་རྒན་ཞིག་བྱས་ནས་ད་བར་ལོ་10སོང་ཞིང་། འདི་ནི་ཧྥང་རུང་གིས་ལུའོ་ཐེན་རྫོང་ཕུགས་རེ་སློབ་ཆུང་གི་སློབ་མར་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཁྲིད་བཞིན་པ།


རྩོམ་སྒྲིག་པ།