བོད་དུ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་3བཙུགས་པ།

ཡོང་ཁུངས། སྤེལ་དུས 2019-12-26

ཀྲུང་གོ་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། བོད་ལྗོངས་གཞིས་རྩེའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་ཉིང་ཁྲིའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་སྔ་རྗེས་སུ་བཙུགས་པ་དང་། དེའི་ཁར་སྔར་ཡོད་ཀྱི་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་བསྡོམས་ན། མིག་སྔ་བར་བོད་དུ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ(གཤམ་དུ་དཔལ་འབྱོར་གསར་སྤེལ་ཁུལ་ཞེས་བསྡུ་རྒྱུ)3ཡོད་པ་རེད།

གཞིས་རྩེའི་དཔལ་འབྱོར་གསར་སྤེལ་ཁུལ་ནི་གཞིས་རྩེ་གྲོང་ཁུལ་གྱི་ལྷོ་རྒྱུད་དུ་ཆགས་པ་དང་གཞིས་རྩེ་གྲོང་ཁུལ་དང་བར་ཐག་སྤྱི་ལེ་5ཙམ་ཡོད་ཅིང་། འཆར་འགོད་ཚོད་འཛིན་ཁྱབ་ཁོངས་སྤྱི་ལེ་ངོས་གྲུ་34.03དང་། འཛུགས་སྐྲུན་ས་ཁྱོན་སྤྱི་ལེ་ངོས་གྲུ་22.32 འཆར་འགོད་གནས་སྡོད་ཆོག་པའི་མི་འབོར་ཁྲི་12བཅས་ཟིན་པ་དང་། རགས་རྩིས་ལྟར་ན། གླིང་ཁུལ་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་600བཏང་བའི་ནང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་300དང་ཚོང་འགུགས་སོགས་གཞན་དག་ལ་མ་དངུལ་སྒོར་དུང་ཕྱུར་300བཏང་ཡོད།

ཀྲུང་གོའི་ལྷོ་ནུབ་ས་མཚམས་སུ་ཆགས་སྟབས་གཞིས་རྩེའི་དཔལ་འབྱོར་་གསར་སྤེལ་ཁུལ་གྱིས་ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་གཞིར་བཟུང་བ་དང་ཨེ་ཤེ་ཡ་ལྷོ་མའི་སྒོ་དབྱེ་མཉམ་ལས་ཀྱི་ལས་སྟེགས་གལ་ཆེན་དང་བོད་ཀྱི་སྒྱུར་བཅོས་གསར་གཏོད་ཀྱི་གཞི་རྟེན་གལ་ཆེན་སོགས་འཕེལ་རྒྱས་ཀྱི་ངེས་གནས་ལ་ཕྱོགས་ཏེ། ཐོན་ལས་ཀྱི་མ་ལག་ནུས་ཤུགས་ཡོད་རྒུས་བཙུགས་ནས་ཞིང་འབྲོག་ཐོན་རྫས་ལ་ལས་སྣོན་གཏིང་ཟབ་དང་རང་བྱུང་འཐུང་ཆུ་དང་དེ་བཞིན་སྔོ་ལྗང་ཟས་རིགས་ཐོན་སྐྱེད་དང་། རྒྱལ་ཁབ་ཀྱི་དཔྱ་ཁྲལ་འགན་ལེན་ཟོག་འགྲེམས་དང་། ཚོང་དོན་ཟོག་འགྲེམས། དྲ་ཐོག་ཚོང་དོན་སོགས་དེང་རབས་ཟོག་འགྲེམས་ལས་རིགས་དང་དེ་བཞིན་དཔྱ་ཁྲལ་འགན་ལེན་ལས་སྣོན་ལས་རིགས། དྭངས་གཙང་ནུས་རྒྱུ་ལས་རིགས་དང་། སྔོན་ཐོན་བཟོ་སྐྲུན་ལས་རིགས། དེ་བཞིན་མཐོ་གསར་ལག་རྩལ་ཐོན་ལས་གཞན་དག་སོགས་འཕེལ་རྒྱས་གཏོང་རྒྱུར་གཙོ་གནད་ཐོག་ལྕག་སྐུལ་བྱས་ཡོད།

མིག་སྔར། གཞིས་རྩེའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ཁེ་ལས་29ཐོ་འགོད་དང་ཐོན་ལས་རྣམ་གྲངས་28དོན་འཁྱོལ་བྱས་པ་དང་། དུས་ཐེངས་དང་པོར་དོན་འཁྱོལ་བྱས་པའི་ཐོན་ལས་རྣམ་གྲངས་13ཁྲོད་ནས་9ལས་འགོ་བཙུགས་ཟིན་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་9བཏང་ཡོད། དེ་དང་ཆབས་ཅིག གླིང་ཁུལ་གྱི་གྲོང་རྣམ་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་རྣམ་གྲངས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བར་མ་དངུལ་སྒོར་དུང་ཕྱུར་9བཏང་ཡོད།

ཉིང་ཁྲིའི་དཔལ་འབྱོར་གསར་སྤེལ་ཁུལ་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བྲག་ཡིབ་གྲོང་རྡལ་གྱི་ནུབ་རྒྱུད་དུ་ཆགས་ཤིང་། གྲོང་ཁུལ་རྙིང་པ་དང་ཆུ་བོ་གཅིག་གིས་ཆོད་པ་དང་། འཆར་འགོད་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་7.11ཡིན་པ། རྒྱལ་ལམ་318ལམ་ཐིག་དང་། གནམ་ཐང་གི་མྱུར་བགྲོད་གཞུང་ལམ། འཆར་འགོད་བྱེད་བཞིན་པའི་ཁྲོན་བོད་ལྕགས་ལམ་བཅས་གླིང་ནས་བརྒྱུད་དགོས་ཀྱི་ཡོད། ཉིང་ཁྲིའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་སྣོད་བཅུད་ཡུལ་སྐོར་དང་། དྭངས་གཙང་ནུས་རྒྱུ། དེང་རབས་ཞབས་ཞུ། སྐྱེ་དངོས་ཚན་རྩལ། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཐོན་སྐྱེད་ལས་སྣོན་སོགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་རེད།

མིག་སྔར། ཉིང་ཁྲིའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་10.3བཏང་སྟེ་གྲོང་རྣམ་འགྲོ་ལམ་དང་འཕྲིན་གཏོང་མདོང་དྲ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སྤྱིར་ན་ལེགས་གྲུབ་ཟིན་ཡོད། གཡོད་ལིན་ཐོན་ལས་གླིང་དང་། དྭངས་གཙང་ནུས་རྒྱུའི་རྟེན་གཞི། “གཉིས་གཏོད”དཔེ་སྟོན་རྟེན་གཞི། དེ་བཞིན་སློབ་གྲྭ་དང་། རྟེན་རྫས་བཤམས་མཛོད་ཁང་། རིག་གནས་ཁང་སོགས་ལེ་ལག་ཚང་བའི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་བསྐྲུན་ཡོད་པ་རེད། ཁག་དང་པོའི་གན་རྒྱ་བཞག་སྟེ་གཞིས་ཆགས་པའི་ཁེ་ལས་5ཡོད་པར་སྔོན་རྩིས་ལྟར་ན་ཁྱོན་མ་དངུལ་སྒོར་དུང་ཕྱུར་2.68བཏང་བ་རེད། 


རྩོམ་སྒྲིག་པ།