བོད་ལྗོངས་ཚལ་གུང་ཐང་ཤང་ཚལ་གྲོང་ཚོའི་ལོ་བདུན་གྱི་འཕོ་འགྱུར།

ཡོང་ཁུངས། སྤེལ་དུས 2019-05-13

ད་ཆའི་ཚལ་གྲོང་ཚོའི་ཁྲོམ་གཞུང་གཙང་སྦྲ་དོད་པ་དང་། རླངས་འཁོར་མང་བ། ཚོང་ཁང་སྣ་ཚོགས་ཡོད་ལ་ཉེ་འགྲམ་དུ་སློབ་གྲྭ་དང་། སྨན་ཁང་། ཕན་བདེ་ཁང་བཅས་ཡོད་ཅིང་། གཞུང་ལམ་གྱི་གཞོགས་གཡས་གཡོན་གཉིས་སུ་དེང་དུས་གྲོང་མིའི་ཁུལ་ཆུང་ཡིན་པ་དང་། གྲོང་ཚོ་རྙིང་པ་གནས་ཡུལ་དུ་སླེབས་སྐབས་ཕྱི་དབྱིབས་གཅིག་གྱུར་ཡིན་པའི་ཐོག་སོ་ཉིས་ལྡན་གྱི་ཁང་པ་སྟར་པ་རེ་རེ་བཞིན་གཞོགས་གཉིས་སུ་ཡོད་པ་དང་ལམ་འགྲམ་དུ་སྒེར་འཁོར་མང་བས་མ་གཞི་རྒྱ་ཆེ་བའི་སྲང་ལམ་དེ་གུ་དོག་པོར་གྱུར།

ཚལ་གྲོང་ཚོ་ཡོངས་ལ་མི་གྲངས་2209དང་ཏང་ཡོན་168ཡོད།

2013ལོར་ཚལ་གྲོང་ཚོའི་མཉམ་སྡེབ་ཁེ་ལས་བྱེ་རྡོ་བཟོ་གྲྭ་དང་རྡོ་འདག་ས་ཚིགས་སོགས་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ།

“ན་ནིང་མི་རེར་ཁེ་བཟང་སྒོར་ཁྲི་1.1ཙམ་བགོ་བཤའ་བརྒྱབ་པ་དང་ཁྱིམ་དུ་མི་4ཡོད་པས་ཁྱོན་སྒོར་ཁྲི་བཞི་ལྔ་ཙམ་རག་བྱུང”ཞེས་བསོད་ནམས་བསྟན་འཛིན་གྱིས་བཤད།

“ཤང་ཀྲང་ལགས། ངེད་ཚོའི་གྲོང་ཚོའི་བྱེ་རྡོ་བཟོ་གྲྭ་ག་དུས་ལས་འགོ་འཛུགས་ཀྱི་རེད་དམ། ངེད་ཚོ་རླངས་འཁོར་རུ་ཁག་ཚང་མ་སྒུག་བསྡད་ཡོད”ཟླ་5ཚེས་8ཉིན་ལོ་42ལ་སླེབས་པའི་བསོད་ནམས་བསྟན་འཛིན་ཤང་ཀྲང་གི་གཞུང་ལས་ཁང་གི་ཧྲ་ཧྥ་ཡི་སྟེང་བསྡད་དེ་དགོད་འཚེར་འཚེར་ངང་དྲིས། བསོད་ནམས་བསྟན་འཛིན་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་ཚལ་གྲོང་ཚོ་ཚོགས་ཆུང་གཉིས་པའི་གྲོང་མི་ཡིན་པ་དང་ན་ནིང་གྲོང་ཚོའི་སྐྱེལ་འདྲེན་རུ་ཁག་གི་འགན་ཁུར་བའི་གྲས་སུ་འོས་འདེམས་བྱས་པ་རེད།

ཤང་ཀྲང་ཀྲང་ཡུང་ཧའེ་ཡིས“ཟླ་བདུན་པར་ལས་འགོ་འཛུགས་རྒྱུ་ཡིན”ཞེས་ལན་གསལ་པོ་བཏབ།

དུད་ཚང་663ཡོད་པའི་གྲོང་ཚོ་དེ་ནི་ཡུལ་དེའི་ཤང་སྲིད་གཞུང་གནས་ཡུལ་ཡིན་པ་དང་ལྷ་ས་གྲོང་ཁུལ་ནས་བར་ཐག་སྤྱི་ལེ་ཁ་ཤས་ལས་མེད་པ་དེའང་རྒྱལ་ལམ་318བརྒྱུད་ལྷ་ས་གྲོང་ཁུལ་དུ་སྐྱོད་པའི་ས་ཚིགས་དང་པོ་དེ་རེད།

ལོ་བདུན་གྱི་གོང་དུ་ཚལ་གྲོང་ཚོ་ནི་གྲོང་གསེབ་འཁྲུལ་མེད་ཅིག་ཡིན་པ་དང་གྲོང་མི་ཕལ་ཆེ་བས་ས་ཞིང་བཏབ་ནས་འཚོ་བ་སྐྱེལ་ཞིང་། ནས་དང་། གྲོ ནོར་ལུག་བཅས་ནི་ཧ་ལམ་ཁོང་ཚོའི་རྒྱུ་ནོར་ཡོད་ཚད་རེད།

གསར་འགོད་པ་ཚལ་གྲོང་ཚོར་བཅར་འདྲི་བྱེད་སྐབས་ད་ཆའི་ཚལ་གྲོང་ཚོའི་ཁྲོམ་གཞུང་གཙང་སྦྲ་དོད་པ་དང་། རླངས་འཁོར་མང་བ། ཚོང་ཁང་སྣ་ཚོགས་ཡོད་ལ་ཉེ་འགྲམ་དུ་སློབ་གྲྭ་དང་། སྨན་ཁང་། ཕན་བདེ་ཁང་བཅས་ཡོད་ཅིང་། གཞུང་ལམ་གྱི་གཞོགས་གཉིས་སུ་དེང་དུས་གྲོང་མིའི་ཁུལ་ཆུང་ཡིན་པ་དང་། གྲོང་ཚོ་རྙིང་པ་གནས་ཡུལ་དུ་སླེབས་སྐབས་ཕྱི་དབྱིབས་གཅིག་གྱུར་ཡིན་པའི་ཐོག་སོ་ཉིས་ལྡན་གྱི་ཁང་པ་སྟར་པ་རེ་རེ་བཞིན་གཞོགས་གཉིས་སུ་ཡོད་པ་དང་ལམ་འགྲམ་དུ་སྒེར་འཁོར་མང་བས་མ་གཞི་རྒྱ་ཆེ་བའི་སྲང་ལམ་དེ་གུ་དོག་པོར་གྱུར།

དེ་གར་གྲོང་གསེབ་ཡིན་པའི་ཚོར་སྣང་སྤུ་ཙམ་ཡང་མ་མཆིས།

2011ལོར་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་འཆར་འགོད་ལྟར་ཚལ་གྲོང་ཚོའི་མུའུ་3900ཡི་ས་ཞིང་དེ་དག་བསྡུ་སྤྱོད་བྱས་ཏེ་ལྷ་ས་གྲོང་ཁྱེར་སློབ་གསོ་གྲོང་གི་དུས་ཐེངས་དང་པོའི་འཛུགས་སྐྲུན་ནང་སྤྱད་པ་དང་2012ལོར་དུས་ཐེངས་འདིའི་ས་ཞིང་བསྡུ་སྤྱོད་ལས་དོན་ཚང་མ་ལེགས་གྲུབ་ཟིན་ཞིང་། ལོ་དེར་ཞིང་ལས་གཙོ་བོ་བྱེད་པའི་སྲོལ་རྒྱུན་གྱི་གྲོང་ཚོ་དེའི་ལས་དབང་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

ཚལ་གྲོང་ཚོ་ཡོངས་ལ་མི་གྲངས་2209དང་ཏང་ཡོན་168ཡོད་ཅིང་། ལོ་51ལ་སླེབས་པའི་ཚལ་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་སྤེན་པ་ཚེ་རིང་དེ་སྔ་དམག་མིའི་ནང་ལོ་5ཞུགས་མྱོང་ཡོད་པ་དང་གཏམ་སྤྱོད་རེ་རེ་བཞིན་ནས་དམག་མིའི་བྱང་ཚད་མངོན། ཁོང་གི་ངོས་ནས་བཤད་ན་ཚལ་གྲོང་ཚོར་ལོ་བདུན་རིང་འཕེལ་རྒྱས་ཆེན་པོ་ཕྱིནཔ་ནི་ཐོབ་དཀའ་བའི་གོ་སྐབས་ལ་བརྟེན་ནས་བྱུང་བ་ཞིག་རེད།

གྲོང་ཚོའི་ནང་གི་ས་ཆ་སློབ་གསོའི་གྲོང་ཁྱེར་བསྐྲུན་རྒྱུར་སྤྱོད་རྒྱུ་ཡིན་པ་རྟོགས་སྐབས་སྤེན་པ་ཚེ་རིང་ལ་ཚོང་ལས་ཀྱི་གོ་སྐབས་བཟང་པོ་བྱུང་བ་དང་། ཉེ་འགྲམ་གྱི་གཞི་ཁྱོན་ཆེ་བའི་རྨང་གཞིའི་འཛུགས་སྐྲུན་ལ་ཨར་སྐྲུན་གྱི་མ་བཅོས་རྒྱུ་ཆ་འབོར་ཆེན་དགོས་པར་བརྟེན་གྲོང་ཚོའི་ཉེ་འགྲམ་དུ་འཛུགས་སྐྲུན་བཟོ་གྲྭ་བསྐྲུན་པ་དེས་ཕྱོགས་གཅིག་ནས་འཛུགས་སྐྲུན་བྱེད་མཁན་ཨར་ལས་ཀྱི་མ་གནས་དང་དུས་འཁོར་དམའ་རུ་གཏོང་ཐུབ་པ་མ་ཟད། གྲོང་ཚོའི་མང་ཚོགས་ལའང་ཁེ་སྤོགས་ཡོང་ངེས་ཡིན། ལེ་ལག་ཚང་བའི་ཨར་ལས་རྒྱུ་ཆ་དབོར་འདྲེན་སོགས་ཐོན་ལས་ཀྱིས་ཡུལ་མི་ཚོར་ས་ཞིང་ཤོར་རྗེས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་ཡག་པོ་བྱུང་ཡོད། ཁོང་གི་གྲོས་འགོ་བཏོན་པའི་འོག་གྲོང་ཚོའི་ཨུ་ལྷན་གྱིས་སྲིད་གཞུང་གི་ས་ཆ་བསྡུ་ལེན་གྱི་ཁ་གསབ་དངུལ་གྱི་ཁྲོད་ནས་10%བཏོན་ནས་མཉམ་སྡེབ་འཕེལ་རྒྱས་ཀྱི་མ་དངུལ་དུ་བརྩིས་པ་དང་དུས་མཚུངས་ཡུལ་མི་ཚོར་མ་དངུལ་མཉམ་བསྡུ་བྱས་ནས་བྱེ་རྡོ་བཟོ་གྲྭ་དང་རྡོ་འདག་ས་ཚིགས་འཛུགས་རྒྱུའི་ནང་ཞུགས་རྒྱུའི་ལྕག་སྐུལ་བཏང་བ་རེད།

2013ལོར་ཚལ་གྲོང་ཚོའི་མཉམ་སྡེབ་ཁེ་ལས་བྱེ་རྡོ་བཟོ་གྲྭ་དང་རྡོ་འདག་ས་ཚིགས་སོགས་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་རེད། ཁྱོན་མ་དངུལ་བསྡོམས་འབོར་སྒོར་ཁྲི་4500ཙམ་བཏང་བ་དེ་གཙོ་བོ་ཚལ་གྲོང་ཚོའི་མཉམ་སྡེབ་འཕེལ་རྒྱས་མ་དངུལ་དང་ཡུལ་མི་ཁག་གཅིག་མ་རྐང་ནང་ཞུགས་ནས་བྱུང་བ་རེད། ལོ་ལྟར་ཡུལ་མིས་མི་གྲངས་ལྟར་ཁེ་གཙང་བགོ་བཤའ་བརྒྱབ་པ་མ་ཟད། མ་རྐང་ནང་དང་ཐོག་ནས་ཞུགས་མཁན་ཡུལ་མིར་ད་དུང་རྐང་བདག་གི་ཁེ་བཟང་བགོ་བཤའ་རྒྱག་རྒྱུ་ཡོད།

“ན་ནིང་མི་རེར་ཁེ་བཟང་སྒོར་ཁྲི་1.1ཙམ་བགོ་བཤའ་བརྒྱབ་པ་དང་ཁྱིམ་དུ་མི་4ཡོད་པས་ཁྱོན་སྒོར་ཁྲི་བཞི་ལྔ་ཙམ་རག་བྱུང་། དེའི་ཐོག་ད་དུང་ངས་རླངས་འཁོར་རུ་ཁག་ཏུ་རང་འབེབས་རླངས་འཁོར་བཏང་ནས་རྡོ་འདག་ས་ཚིགས་ཀྱི་ཉེ་འགྲམ་དུ་དབོར་འདྲེན་ལས་ལ་གཞོལ་བས་ལོ་རེར་སྒོར་ཁྲི་10ལྷག་ཙམ་གྱི་ཡོང་འབབ་བྱུང་བས་འཚོ་བ་དེ་སྔ་ལས་ཡག་ཏུ་ཕྱིན་ཡོད”ཅེས་བསོད་ནམས་བསྟན་འཛིན་གྱིས་བཤད།

སྤེན་པ་ཚེ་རིང་གིས་ད་ཆ་ཡུལ་མི་མང་པོས་མ་རྐང་ནང་ཞུགས་ཚེ་ཡོང་འབབ་རག་པའི་ཁར་ཉེན་ཁའང་དེ་ཙམ་ཆེན་པོ་མེད་པ་ཤེས་ནས་རང་འགུལ་ངང་ཡང་བསྐྱར་མ་རྐང་ནང་ཞུགས་རྒྱུའི་རེ་བ་འདོན་གྱི་འདུག་ཅེས་ངོ་སྤྲོད་བྱས་ཤིང་། ཁོང་གིས“མི་སེར་ཚོས་བྱ་བ་འདི་དག་བརྒྱུད་ཁྲོམ་རའི་དཔལ་འབྱོར་གྱི་གཞི་རྩའི་སྒྲིག་སྲོལ་ཤེས་ནས་བློ་རིག་ཇེ་གསལ་དུ་ཕྱིན་ཡོད”ཅེས་བཤད།

“གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བ་ལས་ཚང་མ་སྡོད་ཁང་དེ་བས་ཡག་པའི་ནང་སྡོད་རྒྱུ་བྱུང་བ་དང་ཡོང་འབབ་ཀྱང་དེ་བས་མང་པོ་དང་དེ་བས་བརྟན་པོ་བྱུང་བ་དང་འབྲེལ་རྒན་རྒོན་ན་ཚ་ལྟ་བ་དང་ཕྲུ་གུ་སློབ་གྲྭར་བསྐྱོད་རྒྱུ་ཚང་མར་སྔར་བས་སྟབས་བདེ་བྱུང་ཡོད། གྲོང་ཚོའི་མདོང་ལམ་ལས་གྲྭ་ཡང་ཟླ་7པར་ཡོངས་སུ་ལས་མཇུག་འགྲིལ་རྒྱུ་རེད”ཅེས་སྤེན་པ་ཚེ་རིང་གིས་གླེང་བཞིན་དགའ་སྤྲོས་ཁེངས་ནས་ཁོང་གིས“ང་ཚོ་དང་གྲོང་ཁྱེར་གྱི་མིའི་དབར་ཁྱད་པར་མེད”ཅེས་བཤད།

གཞན་ཡང་། ཤང་ཀྲང་ཀྲང་ཡུང་ཧའེ་ཡིས་ཕྱོགས་གཞན་ཞིག་ལ་བསམ་བློ་གཏོང་བཞིན་ཡོད། ཚལ་གྲོང་ཚོའི་ན་གཞོན་ཚོས་སྐྱེལ་འདྲེན་ལས་རིགས་ཁོ་ནར་གཞོལ་ཚེ་ལས་ཞུགས་ཀྱི་གྲུབ་ཆ་རྐྱང་པར་གྱུར་པས་ཕུགས་ལ་བསམ་བློ་གཏོང་སྐབས་སྔར་བཞིན་ཉེན་ཁ་ཡོད།“ཤང་ནང་ས་ཆ་བསྡུ་ལེན་བྱེད་སྐབས་སྔོན་འཇོག་བྱས་པའི་ལས་ཞུགས་ས་སྤྱོད་ཐོག་རླངས་འཁོར་ཉམས་བཟོའི་བཟོ་གྲྭ་དང་། སྣུམ་བླུག་ས་ཚིགས། ལེ་ལག་ཚང་བའི་ཁྲོམ་ར། ལུས་རྩལ་སྤྱི་གླིང་སོགས་བསྐྲུན་རྒྱུར་གྲོས་བསྡུར་བྱས་ཡོད”ཅེས་ཀྲང་ཡུང་ཧའེ་ཡིས་བརྗོད་ཅིང་། ཁོང་གིས“ཐོན་ལས་གསུམ་པ་འཕེལ་རྒྱས་བཏང་བས་ལས་ཞུགས་གྲུབ་ཆ་སྣ་མང་ཅན་དུ་གྱུར་པས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་ངེས་ཡིན”ཞེས་བརྗོད་བྱུང་།


རྩོམ་སྒྲིག་པ།