རང་རྒྱལ་གྱི་མཁས་དབང་གིས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ཚད་རྡུལ་སྐབས་བསྟུན་མདུན་སྐྱོད་མངོན་འགྱུར་ཐུབ་པ།

ཡོང་ཁུངས། སྤེལ་དུས 2019-05-08

ཉེ་དུས། ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཧྥན་ཅན་ཝེ་དང་། ཀྲུའུ་ཞའོ་པོ། ཕེང་ཁྲེང་ཀྲེ་སོགས་ལས་གྲུབ་པའི་ཚན་ཞིབ་ཚོགས་པས་ཀྲུང་གོ་ཚན་རིག་ཁང་དངོས་ཁམས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཧྥན་ཧང་སོགས་མཁས་དབང་དང་མཉམ་དུ་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་གློག་འདྲེན་ཚད་བརྒལ་གྱི་ཚད་རྡུལ་པི་ཐེ་ཚད་རྡུལ་སྐབས་བསྟུན་མདུན་སྐྱོད་ཀྱི་ཞིབ་འཇུག་ནང་སྤྱོད་ཐུབ་པས། འབྱུང་འགྱུར་གཟུགས་མང་དངོས་ཁམས་སྣང་ཚུལ་གྱི་འདྲ་བཟོ་དང་དེ་བཞིན་ཀུན་འཕྲོད་ཚད་རྡུལ་རྩིས་རྒྱག་གི་ཞིབ་འཇུག་ཐད་ལ་ཤུགས་རྐྱེན་ཆེན་པོ་ཐོན་རྒྱུ་རེད། རྒྱལ་སྤྱིའི་དབང་གྲགས་ལྡན་པའི་རིག་གཞུང་དུས་དེབ《ཚན་རིག》ཐོག་ཉིན་ཤས་གོང་ཞིབ་འཇུག་དེའི་འབྲས་བུ་ཁྱབ་བསྒྲགས་བྱས་པ་རེད།

“སྐབས་བསྟུན་མདུན་སྐྱོད”ནི་འགྲོ་སྐྱོད་མཁན་གྱི་ཆོས་ཉིད་མེད་པའི་འགུལ་སྟངས་ལ་ཟེར་བ་དང་། ཐ་སྙད་དེ་ལོ་100ཡི་རིང་དངོས་ཁམས་རིག་པ་དང་དཔལ་འབྱོར་རིག་པ་སོགས་ཁྱབ་ཁོངས་མང་པོར་ཞིབ་འཇུག་དང་བཀོལ་སྤྱོད་བྱེད་བཞིན་ཡོད།


རྩོམ་སྒྲིག་པ།