ལས་རིགས་སློབ་གསོའི་བྱེད་སྒོའི་གཟའ་འཁོར་གཉེར་རྒྱུ་ཡིན་པ།

ཡོང་ཁུངས། སྤེལ་དུས 2019-05-08

འདི་ལོའི་ལས་རིགས་སློབ་གསོའི་བྱེད་སྒོའི་གཟའ་འཁོར་གྱི་བརྗོད་དོན་གཙོ་བོ་ནི“མེས་རྒྱལ་གྱི་ལོ་བདུན་ཅུའི་འཁྲུངས་སྐར་ལ་བསུ་བ་ཞུས་ནས་ལས་རིགས་སློབ་གསོའི་དུས་རབས་ཀྱི་ཉམས་འགྱུར་མངོན་པར་བྱེད”ཅེས་པ་འདི་ཡིན་པ་དང་། ཟླ་5ཚེས་6ནས་12ཉིན་བར་སློབ་གསོ་པུའུ་སོགས་སྡེ་ཚན་བཅུ་ཡིས་མཉམ་དུ་གཉེར་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོ་ལྟར་གྱི་ཟླ་5པའི་གཟའ་འཁོར་གཉིས་པ་ནི“ལས་རིགས་སློབ་གསོའི་བྱེད་སྒོའི་གཟའ་འཁོར”ལ་གཏན་འཁེལ་བྱེད་པའི་ཆོག་མཆན་སྤྲད་པ་ནས་ད་བར་བྱེད་སྒོའི་གཟའ་འཁོར་སྐབས་བཞི་གཉེར་ཟིན། 2019ལོའི་བྱེད་སྒོའི་གཟའ་འཁོར་རིང་། རྒྱལ་ཡོངས་རང་བཞིན་གྱི་བྱེད་སྒོར་གཙོ་བོ་རྒྱལ་ཡོངས་ཀྱི་ལས་རིགས་སློབ་གླིང་དང་སློབ་གྲྭའི་རྩལ་ནུས་འགྲན་བསྡུར་ཆེ་མོ་དང་། འབྲིང་རིམ་ལས་རིགས་སློབ་གྲྭའི“ཤེས་དཔལ་ཉམས་འགྱུར”གྱི་བྱེད་སྒོ་སྤེལ་བ《རྒྱལ་ཁབ་ཀྱི་ལས་རིགས་སློབ་གསོ་སྒྱུར་བཅོས་ཀྱི་ལག་བསྟར་ཇུས་གཞི》བགྲོ་གླེང་ཚོགས་འདུ། 《རྒྱལ་ཁབ་ཀྱི་ལས་རིགས་སློབ་གསོ་སྒྱུར་བཅོས་ཀྱི་ལག་བསྟར་ཇུས་གཞི》སློབ་སྦྱོང་དང་གསོ་སྦྱོང་ཚོགས་འདུ། རྒྱལ་ཁབ་ཆེ་མོའི་ལག་ཤེས་པ་དང་ལས་རིགས་སློབ་གསོའི་དགེ་རྒན་ཆེ་མོ་བའི་མཐོ་རིམ་གླེང་སྟེགས་སོགས་ཚུད་ཡོད་པ་རེད། བྱེད་སྒོའི་གཟའ་འཁོར་རིང་། ས་གནས་ཁག་གི་འབྲེལ་ཡོད་ཚན་པ་ཁག་གིས“སྒོ་དབྱེ་བཞི”(ཁེ་ལས་སྒོ་དབྱེ་དང་། སློབ་གྲྭ་སྒོ་དབྱེ། ཁང་དང་སུའོ་སྒོ་དབྱེ། འགྲན་ར་སྒོ་དབྱེ)སོགས་དང“ཉེ་བཅར་གསུམ”(སྤྱི་ཚོགས་དང་ཉེ་བཅར། འཚོ་བ་དང་ཉེ་བཅར། མང་ཚོགས་དང་ཉེ་བཅར)“སྐྱོད་པ་གཉིས”(སྡེ་ཁུལ་དུ་སྐྱོད་པ་དང་གྲོང་གསེབ་ཏུ་སྐྱོད་པ)སོགས་ཀྱི་རྣམ་པ་བརྒྱུད། སློབ་གྲྭ་འབྲིང་ཆུང་གི་སློབ་མ་དང་ཁྱིམ་བདག སྡེ་ཁུལ་གྱི་མང་ཚོགས། སྤྱི་ཚོགས་ལས་རིགས་ཁག་བཅས་ལ་ཕྱོགས་ནས་མང་ཚོགས་ཀྱིས་མཐོང་འདོད་ལ་ཉན་སྤྲོ་བའི་ལས་རིགས་ཀྱི་ཉམས་མྱོང་སྤེལ་བ་དང་། རིག་རྩལ་འགྲེམས་སྟོན། འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པ། རྩལ་ནུས་འགྲན་བསྡུར། ཤེས་ལྡན་མི་སྣ་གདན་ཞུ། གཅེས་སེམས་དང་བླངས་ཀྱིས་ཞབས་འདེགས་ཞུ་བ་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།

འདི་ལོ་ནི་རྒྱལ་ཡོངས་ཀྱི་ལས་རིགས་སློབ་གླིང་དང་སློབ་གྲྭའི་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་བཅུ་གཉིས་པ་ཡིན་ཞིང་། ངོ་སྤྲོད་བྱས་པར་གཞིགས་ན། འགྲན་བསྡུར་གྱི་རྣམ་གྲངས་ཇུས་འགོད་ཐད་རྒྱལ་ཡོངས་ཀྱི་ལས་རིགས་སློབ་གླིང་དང་སློབ་གྲྭའི་རྩལ་ནུས་འགྲན་བསྡུར་ཆེ་མོར་མི་ཐབས་ཀྱི་རིག་ནུས་ལག་རྩལ་གྱི་གྲུབ་ཆ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་གྲངས་གཞི་ཆེ་མོ་དང་། སྤྲིན་རྩིས། བློ་རིག་ཟོག་འགྲེམས་སོགས་འགྲན་བསྡུར་གྱི་རྣམ་གྲངས་བཟོས་ཡོད་པ་རེད། རྒྱལ་ཁབ་ཀྱི་འཐབ་ཇུས་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོའི་དབར་དང་འབྲེལ་མཐུད་དམ་ཟབ་འབུར་ཐོན་བྱ་རྒྱུ་དེ་ཆ་འཕྲིན་ལག་རྩལ་དང་། རིག་ནུས་བཟོ་སྐྲུན། ནུས་རྒྱུ་གསར་པ་སོགས་ཐོན་ལས་གསར་པ་དང་ལས་རྣམ་གསར་པའི་འགྲན་བསྡུར་གྱི་རྣམ་གྲངས་ཁག་35ཙམ་དང་འབྲེལ་བ་ཡོད་པ་དེས་རྣམ་གྲངས་ཡོངས་ཀྱི་40%བཟུང་ཡོད་པ་རེད། འགྲན་བསྡུར་གྱིས་སློབ་ཁྲིད་སྒྱུར་བཅོས་དང་ཆེད་ལས་བཀོད་སྒྲིག་གི་སྣེ་ཁྲིད་མངོན་གསལ་དོད་པོ་བྱས་ནས་འགྲན་བསྡུར་གྱི་རྣམ་གྲངས་ཁག་གི་ནང་དོན་ཇུས་འགོད་ཐད་ཆེད་ལས་སློབ་ཁྲིད་ཀྱི་ཚད་གཞིར་གཞིགས་པའི་རྨང་གཞིའི་ཐོག་སྔོན་འགྲོ་དང་། ལག་རྩལ་གསར་པ། ཚད་གཞི་གསར་པ། ཚད་ལྡན་གསར་པ་བཅས་འགྲན་བསྡུར་ཆེ་མོར་བཅུག་ནས་ལས་རིགས་སློབ་གླིང་དང་སློབ་གྲྭའི་ཆེད་ལས་བཀོད་སྒྲིག་དང་སློབ་ཚན་སྒྱུར་བཅོས་ལ་སྐུལ་མ་ཐེབས་པ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཐོན་ལས་འཕེལ་རྒྱས་ཟུང་འབྲེལ་ལ་སྐུལ་འདེད་གཏོང་རྒྱུ་རེད།


རྩོམ་སྒྲིག་པ།