བར་སྣང་ལྗང་གསོར་བརྟེན་ནས་ས་མཐོའི་དབུལ་སྒྲོལ་ལ་རམ་འདེགས་བྱེད་པ།

ཡོང་ཁུངས། སྤེལ་དུས 2019-05-09

ཟླ་4ཚེས་16ཉིན་བར་སྣང་ལྗང་གསོ་བྱས་པའི་ཀྲོ་མ་ཀྲུ་དང་། ནན་ཀྭ ཤིས་ཀྭ་སོགས་ཤིང་ཏོག་དང་སྔོ་ཚལ་གྱི་མྱུ་གུ་བར་སྣང་བརྒྱུད་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ས་མཐོའི་འདེབས་འཛུགས་ལས་རིགས་བར་སྣང་ལྗང་གསོ་དང་ཐོན་ལས་ཅན་གྱི་ཁྱབ་གདལ་འཛུགས་སྐྲུན་རྣམ་གྲངས་གླིང་ལ་བསྐྱལ་ཡོད། ཉིན་གསུམ་འདེབས་འཛུགས་བྱས་པ་བརྒྱུད། མིག་སྔར་ཤིང་ཏོག་དང་སྔོ་ཚལ་གྱི་མྱུ་གུ་དེ་དག་མུའུ་9ཙམ་ཡོད་པའི་དྲོད་ཁང་ཆེ་མོ་9ཡི་ནང་རྩ་བ་ཚུགས་པ་རེད།

པེ་ཅིང་གིས་བོད་སྐྱོར་འཛུགས་སྐྲུན་བྱས་པའི་སྙེ་མོ་རྫོང་ས་མཐོའི་འདེབས་འཛུགས་ལས་རིགས་བར་སྣང་ལྗང་གསོ་དང་ཐོན་ལས་ཅན་གྱི་ཁྱབ་གདལ་འཛུགས་སྐྲུན་རྣམ་གྲངས་ལ་བསྡོམས་མ་དངུལ་སྒོར་ཁྲི་5509བཏང་བ་དང་། ཡུལ་དེའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མཉམ་ལས་ཁང་གི་མི་1211ལས་ཞུགས་འབབ་འཕར་དང་རྩལ་ནུས་གསོ་སྦྱོང་ཐུབ་རྒྱུ་དང་རྫོང་དེ་ཡོངས་ཀྱི་དུད་ཚང་དབུལ་པོ་125སྒྲིག་བཀོད་ཞིང་ལས་ཐོན་སྐྱེད་གཉེར་རྒྱུར་སྐུལ་ཁྲིད་ཐུབ་རྒྱུ་དང་འབྲེལ་ཁེ་འབབ་ཡག་པོ་ཡོང་རེ་ཡོད།

615727_yis_1556078271923.jpg

འདི་ནི་སྙེ་མོ་རྫོང་གི་ཡུལ་དེའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོས་དྲོད་ཁང་ཆེ་མོའི་ནང་ཀྭ་རིགས་ཀྱི་རྩ་བ་སྐྱེ་ཚུལ་ལ་ལྟ་བཞིན་པ།

615728_yis_1556078272079.jpg

འདི་ནི་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ས་མཐོའི་འདེབས་འཛུགས་ལས་རིགས་བར་སྣང་ལྗང་གསོ་དང་ཐོན་ལས་ཅན་གྱི་ཁྱབ་གདལ་འཛུགས་སྐྲུན་རྣམ་གྲངས་ཀྱི་དྲོད་ཁང་ཆེ་མོ་ཡིན་པ།


རྩོམ་སྒྲིག་པ།