ཨ་ཧྥུ་ཀ་ནི་སི་ཐན་གྱི་ཙུང་ཐུང་ཅ་ཉིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ནས་ཨ་ཀྲུང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ།

ཡོང་ཁུངས། སྤེལ་དུས 2019-05-08

ཚེས་5ཉིན་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཙུང་ཐུང་ཅ་ཉིས་ཀྲུང་གོ་ཕྱོགས་དང“རྒྱུད་གཅིག་ལམ་གཅིག”མཉམ་བསྐྲུན་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ་ཨ་ཀྲུང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།

ཙུང་ཐུང་ལས་ཤག་ཏུ་འཚམས་འདྲིར་ཕེབས་པའི་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པའི་ཚོགས་གཙོ་རྒྱ་གྲམ་དམར་རྟགས་ཚོགས་པ་དང་ཟླ་གསར་དམར་པོའི་ཚོགས་པའི་རྒྱལ་སྤྱིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲེན་ཀྲུའུ་དང་མཇལ་འཛོམས་གནང་སྐབས་ཅ་ཉིས་གོང་གསལ་གྱི་བཀའ་མོལ་དེ་གསུངས་པ་རེད། ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་གྲུབ་འབྲས་ཐོབ་པའི་ངང་གཉེར་བར་ཅ་ཉིས་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཁོང་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་པའི་དམིགས་ཡུལ་ནི་ས་ཁུལ་དང་རྒྱལ་ཁབ་ཁག་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དེས་ཀྲུང་གོའི་འགོ་ཁྲིད་མི་སྣའི་གཟིགས་རྒྱང་རིང་བའི་ཆབ་སྲིད་ཀྱི་བློ་གྲོས་མངོན་ཡོད། ཨ་ཧྥུ་ཀ་ནི་སི་ཐན་གྱིས་ཀྲུང་གོ་ཕྱོགས་དང“རྒྱུད་གཅིག་ལམ་གཅིག”མཉམ་བསྐྲུན་བྱ་རྒྱུ་གོ་སྐབས་སུ་བྱས་ནས་ཨ་ཀྲུང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཨ་ཧྥུ་ཀ་ནི་སི་ཐན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱེད་འདོད་ཡོད་ཅེས་བརྗོད་པ་རེད། ད་དུང་ཅ་ཉིས་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པས་ཨ་ཧྥུ་ཀ་ནི་སི་ཐན་དུ་ལྷན་སྐྱེས་སྙིང་ནད་ཕོག་པའི་ནད་པ་སྐྱོབ་བཅོས་སོགས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱ་སྤྱོད་སྤེལ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

རྩོམ་སྒྲིག་པ།