གངས་ལྗོངས་ཀྱི་ཁྱིམ་གཞིས་སུ་སྐལ་བཟང་མེ་ཏོག་བཞད།

ཡོང་ཁུངས། སྤེལ་དུས 2019-05-08

སྐལ་བཟང་མེ་ཏོག་དང་། མ་ཎི་རྡོ་བརྐོས། ཚོན་སྣ་ལྔའི་དར་ལྕོག གངས་རིའི་བཞུར་རྒྱུན་སོགས་ཐུན་མོང་མ་ཡིན་པའི་གངས་ལྗོངས་ས་མཐོའི་མཛེས་ལྗོངས་པེ་ཅིང་འཛམ་གླིང་ལྡུམ་རའི་སྒྱུ་རྩལ་སྟོན་ཚོགས་ཐོག་བཤམས་འདུག “ང་ཚོས‘སེམས་ཀྱི་ཁྱིམ་གཞིས·ས་གཙང་བོད་ལྗོངས’འཆར་འགོད་ཀྱི་བརྗོད་དོན་གཙོ་བོར་བྱས་ནས། བོད་ཀྱི་གྲོང་མིའི་འཚོ་བའི་ཁོར་ཡུག་དངོས་མཚོན་པར་བྱས་ཡོད་ལ། བོད་ཀྱི་རང་བྱུང་མཛེས་ལྗོངས་ཀྱི་འགྲན་ཟླ་བྲལ་བའི་བརྗིད་ཉམས་དེ་བས་མངོན་པར་བྱས་ཡོད”ཅེས་འཆར་འགོད་པ་ཆེ་མོ་ལིའུ་ཧུང་གིས་བཤད།

འགྲེམས་སྟོན་ལྡུམ་རའི་སྒོ་ཁར་བོད་བཟོའི་སྒོ་བྱང་ཞིག་བཀལ་ཡོད་པ་དེར་སྤུས་ཀ་དག་པའི་ལག་བྲིས་རི་མོས་མཛེས་པར་བྱས་ཡོད་པ་དེ་འཛུལ་སྒོའི་མཚོན་རྟགས་རེད་ལ། འགྲེམས་སྟོན་ལྡུམ་ར་ཧྲིལ་པོའི“པར་སྒྲོམ”ཡང་རེད་འདུག ཞིང་ཁའི་གཞོགས་གཅིག་ཏུ་གངས་རིའི་ཆབ་རྒྱུན་ཀྱག་ཀྱོག་ཏུ་བཞུར་བཞིན་ཡོད་པ་དང་། ཆུ་འགྲམ་དུ་ངོ་མཚར་ཆེ་བའི་མ་ཎི་རྡོ་རྐོས་སྤུངས་ནས་ཡོད་པ། འཁྲིས་ཀྱི་རྒྱ་ལྕང་གཡོན་འཁྱིལ་མ་ལས་འུན་ཤིང་ཀོང་ཇོས་ཕ་ཡུལ་ལ་ཕྱིར་མིག་གཟིགས་པ་མཚོན་ལ། རྒྱ་བོད་ས་ཆ་གཉིས་ཀྱི་ཞི་བདེ་དང་མཛའ་བཤེས་ཀྱང་མཚོན་ཡོད། དར་ལྕོག་གི་ལྟེ་བ་ནི་ཆེས་མཚར་སྡུག་ཡིད་དབང་འཕྲོག་པའི་མེ་ཏོག་སོས་པའི་ཀ་བ་ཡིན་པ་དེ་མེ་ཏོག་སོས་པ་སྣ་ཚོགས་ཐུར་དུ་དཔྱངས་ནས་བཀལ་བ་ལས་གྲུབ་ཡོད་པ་དང་། ནང་ཁུལ་དུ་ཚོན་ཁྲ་ཅན་གྱི་ཤེལ་ཏོག་བསྒར་ཡོད་པས། མཚན་མོར་ཚོན་མདངས་རྣམ་པར་བཀྲ་བ་དང་། ཁྱོན་ཡོངས་རྒྱས་སྤྲོས་ཆེ་ལ་བཀོད་པ་ཉམས་དགའ་བ་ལས་ཕྱོགས་ཁག་གི་སྐུ་མགྲོན་ལ་སྐོར་བ་འཁྱིལ་བའི་ཐོག་ནས་དེའི་མཛེས་པ་ངོམ་པར་བྱས།

མུ་མཐུད་མདུན་དུ་སྐྱོད་ཚེ། མིག་ལམ་དུ་འཆར་བ་ནི་སྐལ་བཟང་མེ་ཏོག་གི་ལྡུམ་ར་ཡིན་པ་དང་། མེ་ཏོག་གི་སོན་དེ་དག་ཚང་མ་བོད་ནས་ཁྱེར་ཡོང་བ་རེད་འདུག འཁྲུག་ཆ་དོད་པའི་གླུ་གར་གྱི་དབྱངས་སྙན་གྲགས་འོང་བ་དང་ཡུལ་སྐོར་བ་རྣམས་བོད་ཀྱི་ལྡུམ་རའི་ལྟེ་བའི་ཁུལ་གྱི་ཐོན་པའི་ཁང་པ་ཡོད་སར་སླེབས། དཀར་ལ་སྦོམ་པའི་རྩིག་པ་དང་། སྤམ་ལ་འདྲ་ཆགས་པའི་ཤམ་བུ། ཚོན་རིས་བཀྲ་བའི་སྒེའུ་ཁུང་། ཤེལ་སྒོ་སྔོན་པོ་བཅས་ཐོག་གཉིས་མའི་ཁང་ཆུང་དེའི་ཕྱིའི་རྣམ་པའི་ཐད་སྲོལ་རྒྱུན་གྱི་ལྷ་སའི་ཁུལ་གྱི་ཁང་པའི་བཟོ་ལྟ་རྒྱུན་འཛིན་བྱས་འདུག སྒེའུ་ཁུང་ཕྱིའི་ཉི་གཡབ་ཐོག་མེ་ཏོག་ཁོག་མ་འགའ་བཞག་ཡོད་པ་ལས་དྲོ་སྐྱིད་ལྡན་པའི་སྣང་བ་ཞིག་སྟེར་འོང་།

བོད་ལྗོངས་ལྡུམ་ར་སྐྲུན་པའི་བརྒྱུད་རིམ་ནང་། བཟོ་སྐྲུན་གྱི་བཟོ་རྩལ་སྤྱིར་ན་ཚང་མ་བོད་ནས་ཡིན་པ་དང་། ཐུན་མོང་མིན་པའི་འཛུགས་སྐྲུན་རྒྱུ་ཆ་སྤེན་མ་ཚུད་པའི་འཛུགས་སྐྲུན་ལ་མཁོ་བའི་རྒྱུ་ཆ་མང་ཆེ་བ་ཡང་བོད་ནས་དབོར་འདུག བོད་རང་གི་འཛུགས་སྐྲུན་རྒྱུ་ཆ་དེ་དག་ཕུད་ལྡེབས་རིས་ཀྱི་ཚོན་རྩི་ཡང་བོད་ཀྱི་རེད་འདུག བོད་ཀྱི་དགོན་སྡེ་དང་གནའ་བོའི་འཛུགས་སྐྲུན་གྱི་ལྡེབས་རིས་བཞེངས་བཟོའི་ནང་ཐེངས་མང་ཞུགས་མྱོང་བའི་ལྷ་འབྲི་བ་བདུན་པོས་དེ་གའི་ལྡེབས་རིས་འབྲི་བཞེངས་ཀྱི་འགན་འཁུར་ཡོད། “ཡག་ཐོག་ཡག་བརྩེགས་ལས་གཞི་ནས་རང་མདངས་ངོ་མ་དེ་མངོན་འོང་། འཛམ་གླིང་ལྡུམ་རའི་སྒྱུ་རྩལ་སྟོན་ཚོགས་ལ་ལྟ་སྐོར་དུ་ཕེབས་མཁན་ཚང་མས་བོད་ཀྱི་ཐུན་མོང་མིན་པའི་རིག་གནས་ཉམས་སུ་མྱོང་ཐུབ་པའི་རེ་བ་ཡོད”ཅེས་འབྲི་བ་བློ་བཟང་རྡོ་རྗེས་བཤད།


རྩོམ་སྒྲིག་པ།