ན་ནིང་བོད་ཀྱི་མི་ཁྲི་3.2ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་དབུལ་སྒྲོལ་བྱུང་བ།

ཡོང་ཁུངས། སྤེལ་དུས 2019-05-08

གསར་འགོད་པར་ཉེ་ཆར་འཚོགས་པའི་བོད་ཀྱི་ལྗོངས་ཡོངས་ཀྱི་ཡུལ་སྐོར་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ན་ནིང་བོད་དུ་ཡུལ་སྐོར་ལས་ཀ་བྱེད་མཁན་ཞིང་འབྲོག་པ་ཁྲི་7ཟིན་ནས་ཡུལ་སྐོར་ཐོན་ལས་ཀྱིས་མི་འབོར་དབུལ་པོ་ཁྲི་3.2དབུལ་སྒྲོལ་ལ་སྣེ་ཁྲིད་བྱས་ཡོད།

2018ལོར། བོད་ཀྱི་གྲོང་གསེབ་ཡུལ་སྐོར་ས་ཚིགས་200ལས་བརྒལ་བ་དང་། གྲོང་གསེབ་ཡུལ་སྐོར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་935སྣེ་ལེན་བྱས་ཏེ་ཡོང་འབབ་སྒོར་དུང་ཕྱུར་12ཟིན་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་ཏང་ཙུའུ་ཧྲུའུ་ཅི་ཧོང་ཡུང་ཆིང་གིས། གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་ཁྱིམ་ཚང་མགྲོན་ཁང་ཁག་ཅིག་ཐོན་ནས་ཞིང་འབྲོག་མང་ཚོགས་ཡུལ་སྐོར་ལས་ལ་ཞུགས་པའི་ཡིད་དབང་འགུགས་ནུས་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད་ཅེས་བཤད། ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་གསེབ་ཡུལ་སྐོར་དེ་ཉིད་ཐོན་ལས་འཕེལ་རྒྱས་ཀྱི་གཙོ་གནད་དུ་བཞག་པ་དང་། བསྡོམས་རྩིས་ཁྱབ་ཁོངས་སུ་བཅུག་པའི་ཁྱིམ་ཚང་མགྲོན་ཁང་570ཡི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་10ལས་བརྒལ་བ་དང་ཁྱིམ་ཚང་མགྲོན་ཁང་འགའ་ཞིག་གི་ཡོང་འབབ་སྒོར་ཁྲི་30ཡན་ཟིན་ཡོད་པ་རེད།

“དགུན་དུས་བོད་ལ་ཡུལ་སྐོར་བྱེད”སོགས་ཀྱི་བྱེད་སྒོ་བསྟུད་མར་སྤེལ་བས། བོད་ཀྱི་དགུན་དུས་ཡུལ་སྐོར་ལ་ཚ་རླབས་འཕྱུར་བ་ནས་འཕེལ་རྒྱས་འགྲོ་འགོ་ཚུགས་པའི་བར་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་ཡོད། 2018ལོར། རིམ་རྩིས་བྱས་ན། བོད་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་3368.7ལ་སྣེ་ལེན་བྱས་པ་དེ་དུས་མཚུངས་ལས་31.5%འཕར་ཡོད་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་490.1མངོན་འགྱུར་བྱུང་བ་དེ་དུས་མཚུངས་ལས་29.2%འཕར་ནས་བོད་ཀྱི་ཡུལ་སྐོར་ལས་རིགས་ཀྱིས་ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་། ཡུལ་སྐོར་ལ་བརྟེན་ནས་མང་ཚོགས་ཕྱུག་པོ་ཆགས་པར་སྐུལ་འདེད། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་སོགས་ཀྱི་ནུས་པ་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད་པ་རེད།

ཧོང་ཡུང་ཆིང་གིས། 2019ལོར་བོད་ཀྱི་ཡུལ་སྐོར་དབུལ་སྐྱོར་གྱིས་ཞིང་འབྲོག་པ་ཁྲི་10ལྷག་ཐད་ཀར་དང་གཞན་བརྒྱུད་ཀྱིས་ཕྱོགས་སྒྱུར་ལས་ཞུགས་བྱས་ཏེ་ཞིང་འབྲོག་པར་འབབ་འཕར་སྒོར་དུང་ཕྱུར་6ཡོང་བ་བྱ་རྒྱུ་རེད་ཅེས་བཤད།


རྩོམ་སྒྲིག་པ།