ལྷོ་ཁ་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ལྷད་མེད་ཞབས་ཞུར་བརྟེན་ནས་དམངས་སེམས་གཅིག་ཏུ་སྒྲིལ་བ།

ཡོང་ཁུངས། སྤེལ་དུས 2019-05-08

“ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། གྲོང་སྡོད་ལས་དོན་རུ་ཁག་གིས་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངའི་འཚོ་བ་ཉིན་རེ་ལས་མ་བསྡད་པར་ཡག་ཏུ་ཕྱིན་སོང”ཞེས་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་སྨད་སྡེ་ཁུལ་ཨུ་ལྷན་གྱི་རྨོ་བོ་བཀྲ་ཤིས་གཡང་འཛོམས་ཀྱི་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་ལུགས་མཚོན་པའི་གཏམ་ལས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་རྨང་བརྟན་དམངས་ཕན་ལས་དོན་ལ་གདེང་འཇོག་གང་ལེགས་བྱས་པ་མཚོན་ཡོད།

གནད་སྨིན་དབུལ་སྐྱོར་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུའི་དུང་བརྡ་གསར་པ་བཏང་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ས་ཁུལ་གཅིག་འཕེལ་རྒྱས་གཏོང་བའི་འགག་རྩ་ནི་ཡང་དག་ལམ་བུ་འཚོལ་ཞིབ་བྱས་ནས་ཁྱད་ཆོས་འབུར་དུ་ཐོན་པ་བྱ་རྒྱུར་ཐུག་ཡོད”ཅེས་མཛུབ་སྟོན་གནང་ཡོད།

མང་ཚོགས་དབུལ་པོར་རྒྱུན་མཐུད་འབབ་འཕར་གཏོད་ཆེད་ལྷོ་ཁ་གྲོང་ཁྱེར་གྲོང་སྡོད་ལས་དོན་རུ་ཁག་ཁག་བདུན་པས་གྲོང་ཚོ(གྲོང་ལྷན)ལ་ཡང་དག་པའི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་འཆར་འགོད་བྱེད་རོགས་ཧུར་ཐག་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་དང་། ཐག་ཉེ་ས་དང་སྟབས་བདེ་ས། རང་ས་རང་ཡུལ་ནས་མི་བྲལ་བ། ལས་ཀ་བྱེད་ཐུབ་པ་དང་བྱེད་ཤེས་པ་བཅས་ཀྱི་ཐོན་ལས་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཡོད།

གྲ་ནང་རྫོང་དེང་རབས་ཞིང་ལས་དཔེ་སྟོན་གླིང་དུ་བསམ་ཡས་གྲོང་རྡལ་ཟུར་མཁར་སྡེ་ཁུལ་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་བྲེ་སྲང་གིས་འབྲི་ཏ་ས་འཛིན་འདེབས་པའི་ལག་རྩལ་སྦྱངས་པ་བརྒྱུད་ད་ཆ་ཉིན་རེར་ཆ་སྙོམས་ཡོང་འབབ་སྒོར་150ཟིན་ནས་དབུལ་སྒྲོལ་གྱི་ཕུགས་འདུན་མངོན་འགྱུར་བྱུང་ཡོད།

སྦྱོར་ར་ཤང་དུ་བཅའ་སྡོད་མཚོ་སྣ་རྫོང་གི་ལས་དོན་རུ་ཁག་གིས་དུད་ཚང་དབུལ་པོ་སླད་མོན་པ་མི་རིགས་ཤང་ཁྱད་ལྡན་གྲོང་རྡལ་ཆུང་ངུར་ཚོང་གཉེར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་ཧུར་ཐག་བྱས་ཏེ་དུད་ཚང་དབུལ་པོའི་མང་ཚོགས་13ལ་སློབ་གསོ་ཐེབས་ནས་རང་བརྟེན་ལས་གཏོད་བྱས་པ་དང་། དཔའ་མདའ་གྲོང་ཚོར་བཅའ་སྡོད་རྒྱ་ཚ་རྫོང་གི་ལས་དོན་རུ་ཁག་གིས་བོད་སྨན་གྱི་སྨན་རྒྱུ་འདེབས་འཛུགས་རྣམ་གྲངས་ལག་བསྟར་ཧུར་ཐག་བྱས་ནས་ལས་ཀའི་གླ་ཆ་སྒོར་ཁྲི་11.21དོན་འཁྱོལ་གྱིས་དུད་ཚང་དབུལ་པོ་8དབུལ་སྒྲོལ་ཐུབ་རྒྱུར་སྐུལ་ཁྲིད་བྱས་པ་སོགས་ཀྱི་བྱ་བ་དེ་དག་ནི་གྲོང་སྡོད་ལས་དོན་རུ་ཁག་གི་ངོས་ནས་བརྗོད་ན་རྒྱུན་གཏན་གྱི་བྱ་བ་ཞིག་ཡིན་ཡང་མང་ཚོགས་ཚོའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པས་མང་ཚོགས་ཀྱི་སེམས་ནང་དྲོ་སྐྱིད་སྦྱིན་ཡོད།

གྲོང་གསེབ་དར་རྒྱས་བཏང་ནས་འབྱོར་འབྲིང་ལྷོ་ཁའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འབྱེད་འགོ་ཚུགས་པ།

དཔྱིད་ཟླ་གསུམ་པར་སྐྱེ་དངོས་ཐམས་ཅད་མྱུ་གུ་འབུས་འགོ་ཚུགས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་ངོས་སུ་གནས་པའི་མཚོ་སྣ་རྫོང་སླད་མོན་པ་མི་རིགས་ཤང་སླད་གྲོང་ཚོར་ཁྱད་དུ་འཕགས་པའི་ས་བབ་དང་གནམ་གཤིས་ཀྱི་ལེགས་ཆ་ལྡན་ལ་མཛེས་སྡུག་ལྡན་པའི་རི་ཀླུང་གི་མཛེས་ལྗོངས་ཤིག་ཀྱང་ཡོད། ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཚོ(གྲོང་ལྷན)རུ་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས“དུད་ཚང་ཚང་མར་འབབ་འཕར་རྣམ་གྲངས་ཡོད་པ་དང་མི་ཚང་མར་དབུལ་སྒྲོལ་གྱི་ཐབས་ལམ་ཡོད་པའི”ཐོན་ལས་དབུལ་སྐྱོར་གྱི་བྱེད་ཐབས་གཞིར་བཟུང་། སླད་ཤང་གི་ལེཌ་ལྡན་ཐོན་ལས་ལ་དམིགས་ཏེ་རི་མཐོའི་ཇ་ཤིང་འདེབས་འཛུགས་དང་མཐའ་མཚམས་གྲོང་གསེབ་ཀྱི་ཡུལ་སྐོར་ཟུང་འབྲེལ་གྱིས“ཇ་ཤིང་དང་ཡུལ་སྐོར་ཟུང་འབྲེལ”གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བས་གྲོང་གསེབ་དར་རྒྱས་ལ་ཐབས་ལམ་གསར་པ་དང་སྒུལ་ཤུགས་ཆེན་པོ་ཞིག་བསྣན་ཡོད།

ན་ནིང་ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཚོ(གྲོང་ལྷན)རུ་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཞིང་འབྲོག་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་ཁྱད་ལྡན་ཐོན་ལས་ཀྱི་དབུལ་སྐྱོར་རྣམ་གྲངས་ལ་སྐུལ་འདེད་མགྱོཌ་པོ་བཏང་བ་བརྒྱུད་གཞི་ཁྱོན་ཆེ་བ་དང་། དཔྱད་གཞིར་འཛིན་རུང་བ། ལས་ཟློས་བྱེད་ཆོག་པ་བཅས་ཀྱི་གྲོང་གསེབ་དར་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་པས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། མིག་སྔར་སྣེ་གདོང་ཆུས་ཀྱིས་མུའུ་300ཟིན་པའི་འདྲེ་ཚེར་མ་འདེབས་འཛུགས་རྟེན་གཞི་བསྐྲུན་པ་དང་། གོང་དཀར་རྫོང་གིས་མུའུ་710ཟིན་པའི་འབྲི་ཏ་ས་འཛིན་འདེབས་འཛུགས་རྟེན་གཞི་བསྐྲུན་པ། གྲ་ནང་རྫོང་གིས་མུའུ་500ཟིན་པའི་སེའུ་དམར་ཆུང་དང་མུའུ་600ཟིན་པའི་རྒྱ་གྲོ་འདེབས་འཛུགས་རྟེན་གཞི་བསྐྲུན་པ། ཟངས་རི་རྫོང་གིས་མུའུ་1518ཟིན་པའི་རྒུན་འབྲུམ་འདེབས་འཛུགས་རྟེན་གཞི་བསྐྲུན་པ། ལྷོ་བྲག་རྫོང་གིས་མུའུ་1100ཟིན་པའི་གཡེར་མ་འདེབས་འཛུགས་རྟེན་གཞི་བསྐྲུན་པ། རྒྱ་ཚ་རྫོང་གིས་མུའུ་སྟོང་ཟིན་པའི་སྟར་ཁ་འདེབས་འཛུགས་རྟེན་གཞི་བསྐྲུན་པ། ལྷུན་རྩེ་རྫོང་དང་མཚོ་སྨད་རྫོང་གིས་མུའུ་ཁྲི་3.7ཟིན་པའི་ནས་ནག་འདེབས་འཛུགས་རྟེན་གཞི་བསྐྲུན་པ། སྣ་དཀར་རྩེ་རྫོང་གིས་ལུག་མགོ་གྲངས་ཁྲི་གཅིག་གི་རྒྱུད་པ་ལེགས་བཅོས་རྟེན་གཞིའི་རྒྱུད་བཟང་ཞིབ་དཔྱད་ཚད་ལེན་བྱས་ཏེ་རྒྱལ་ཁབ་ས་གཞིས་མཚོན་རྟགས་ཐོན་རྫས་ལ་རེ་ཞུ་བྱས་པ་སོགས་དེང་དུས་ཀྱི་ལྷོ་ཁར་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཆར་རྗེས་ཀྱི་སྨྱུག་གསར་བཞིན་ས་ཆ་གང་སར་རྩ་བ་ཚུགས་པ་དང་མྱུ་གུ་འབུས་ནས་མེ་ཏོག་བཞད་བཞིན་ཡོད།

གཞི་རིམ་གྱི་ཏང་འཛུགས་སྐྱོང་ལ་སྲིད་སྐྱོང་མ་ལག་གི་འཚོ་བཅུད་གསར་པ་བསྣན་པ།

དཔུང་ཁག་གཅིག་ལ་གོང་བུ་སྒྲིལ་ཤུགས་དང་འཐབ་ནུས་ལྡན་མིན་ནི་འགོ་ཁྲིད་ཚན་ཁག་གི་འགག་རྩའི་ནུས་པ་འདོན་སྤེལ་ཐུབ་མིན་ལ་ཐུག་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་དང་ཐོག་གྲོང་ཚོའི(གྲོང་ལྷན)ཏང་ཀྲི་པུའི་ཧྲུའུ་ཅི་སོགས་གཞི་རིམ་འཐབ་ཕྱོགས་དང་པོའི་འགོ་ཁྲིད་ཚན་ཁག་ལེཌ་འདེམས་ཧྲག་སྒྲུག་བྱེད་དགོས།

ལྷོ་ཁ་གྲོང་ཁྱེར་རྨང་གཞི་བརྟན་གཏོང་གཞུང་ལས་ཁང་གི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཚོ(གྲོང་ལྷན)རུ་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས“མཛུབ་ཁྲིད་ལས་འགོ་ཁྲིད་མི་བྱེད་པ་དང་། གནད་འཁེལ་ལས་གནས་བརྒལ་མི་བྱེད་པ། སྒྲུབ་རོགས་ལས་ཚབ་སྒྲུབ་མི་བྱེད་པ”བཅས་ཀྱི་རྩ་དོན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་གྲོང་ཚོའི(གྲོང་ལྷན)ཚན་ཁག་ལ་རང་འགན་གཙང་སྒྲུབ་དང་ནུས་པ་འདོན་སྤེལ་བྱ་རྒྱུའི་ཐད་ཤུགས་རྒྱག་རྒྱུར་མུ་མཐུད་རོགས་རམ་བྱེད་པ་དང་། གྲོང་ཚོའི(གྲོང་ལྷན)ལས་བྱེད་པར་བྱང་ཚད་མཐོར་གཏོང་དང་། བསམ་ཕྱོགས་གསར་གཏོད། གསོན་ཤུགས་འཕེལ་བ། གསར་གཏོད་ལས་གཏོད་བཅས་བྱེད་རོགས་བྱས་ཡོད། ཆབ་སྲིད་ཀྱི་ཚད་གཞི་དེ་ཨང་དང་པོར་བཞག་ནས་ཏང་ཡོན་གྱི་དཔུང་ཁག་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བ་དང་། གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ལ་ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་གི་འཆར་འགོད་དོན་འཁྱོལ་ཡག་པོ་བྱ་རྒྱུར་རོགས་རམ་བྱས་ནས་ཐོན་ཁུངས་སྣ་ཚོགས་སྤྱད་དེ་ཞིང་འབྲོག་ཏང་ཡོན་གྱི་སློབ་གསོ་གསོ་སྦྱོང་ལས་དོན་ཡག་པོ་བསྒྲུབས་ཡོད་པ་རེད།


རྩོམ་སྒྲིག་པ།