རྒྱས་བཟང་བསོད་ནམས་དར་རྒྱས་ཀྱིས་ཚེ་སྲོག་བློས་བཏང་ནས་ཁུ་ཁུ་ཤིས་རིར་སྲུང་སྐྱོང་བྱས་པ།

ཡོང་ཁུངས། སྤེལ་དུས 2019-01-08

“མ་ཤི་བར་མི་དམངས་ཀྱི་བྱ་གཞག་ལ་འབད་འཐབ་ལྷོད་མེད་བྱེད་ཀྱི་ཡིན”ཞེས་པ་ནི་དཀའ་སྡུག་དང་གྲང་ངད་ལ་མ་འཛེམས་པ་དང་རྔོན་པའི་འཇིགས་སྐུལ་ལ་མི་སྐྲག་པར་ཁུ་ཁུ་ཤིས་རི་དང་གཙང་གསུམ་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་ཆེད་རང་སྲོག་བློས་གཏོང་མཁན་རྒྱས་བཟང་བསོད་ནམས་དར་རྒྱས་ཀྱིས་བཞག་པའི་དམ་བཅའ་རེད།

ཁུ་ཁུ་ཤིས་རི་ནི་མཚོ་བོད་ས་མཐོའི་ལྟེ་བའི་ཁུལ་དུ་གནས་པའི་སྤྱི་ལེ་ངོས་གྲུ་ཁྲི་4.5ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་སྐྱེ་དངོས་ཀྱི་བང་མཛོད་ཡིན་ཞིང་། ཁོང་གནས་སའི་གཙང་གསུམ་ཆུ་འགོར“ཀྲུང་ཧྭ་ཡི་ཆུ་གསོག་མཐོ་ལྕོག”ཅེས་བརྗོད་ཅིང་། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུར་འདོད་རྔམ་ཅན་གྱི་ཉེས་གསོག་པ་ཚོས་ཁུ་ཁུ་ཤིས་རིར་འཛུལ་ནས་གཙོད་ཕོན་ཆེན་བསད་པར་བརྟེན་དེ་སྔའི་གཙོད་མགོ་གྲངས་ཁྲི་20ལྷག་ཙམ་ནས་ཁྲི་2བར་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཡོད། ཁུ་ཁུ་ཤིས་རིའི་སྣོད་བཅུད་ཉེན་ཁའི་གནས་ཚུལ་ལ་གཞིགས་ཏེ། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་འབྲི་སྟོད་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱས་བཟང་བསོད་ནམས་དར་རྒྱས་ཀྱིས་རྫོང་ཨུད་ལ་རྒྱལ་ཁབ་ཀྱི་ཐོན་ཁུངས་སྲུང་སྐྱོང་དང་ལུགས་མཐུན་ངང་ཁུ་ཁུ་ཤིས་རི་གསར་སྤེལ་བྱེད་དགོས་པའི་གྲོས་འགོ་ཐེངས་མང་བཏོན་པ་དང་མ་ཟད། ཁུ་ཁུ་ཤིས་རི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སྒྲིག་གཞི་སྟེ་འབྲི་སྟོད་རྫོང་ནུབ་རྒྱུད་ལས་དོན་ཨུ་ལྷན་བཙུགས་པ་དང་མ་ཟད། ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་ཁུར།

1994ལོའི་ཟླ་1ཚེས་18ཉིན་གྱི་མཚན་མོ། རྒྱས་བཟང་བསོད་ནམས་དར་རྒྱས་དང་རུ་མི་4ཡིས་ཁུ་ཁུ་ཤིས་རིར་རྔོན་རྒྱག་མཁན་20བཟུང་པ་དང་། རླངས་འཁོར་7དང་གཙོད་ཀྱི་ལྤགས་པ་1800ལྷག་ཙམ་གཞུང་བཞེས་བཏང་བ་རེད། ཉེས་ཅན་པ་སྐྱེལ་བ་འགྲོ་བའི་ལམ་བར་ཉི་མ་མཚོ་བརྒྱུད་ནས་འགྲོ་སྐབས་མི་ངན་གྱི་འཇབ་རྒོལ་ཕོག་ནས་ཁོང་གིས་མི་མེད་ལུང་སྟོང་དུ་ལག་ཏུ་མེ་མདའ་འཁུར་བའི་ཉེས་ཅན་པ་དང་དམར་འཛིན་ཡུན་རིང་བྱས་མཐར་སྐུ་གཤེགས་པ་རེད།

རྒྱས་བཟང་བསོད་ནམས་དར་རྒྱས་སྐུ་གཤེགས་སྐབས་ལོ་40རེད། ཁུ་ཁུ་ཤིས་རི་དང་གཙང་གསུམ་ཆུ་འགོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ལ་རྒྱས་བཟང་བསོད་ནམས་དར་རྒྱས་ཀྱིས་རང་སྲོག་བློས་གཏོང་བྱས་ཡོད། 1997ལོའི་ཟླ་12པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་གནང་བ་དང་སྦྲགས། ཁུ་ཁུ་ཤིས་རི་འདི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་སྐྲུན་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། 2016ལོའི་ཟླ་4པར་ཁུ་ཁུ་ཤིས་རི་གནས་སའི་གཙང་གསུམ་ཆུ་འགོའི་ཁུལ་དེ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ཚོད་ལྟའི་ས་ཁུལ་ལ་ཐོག་མར་གཏན་འཁེལ་བྱས། 2016ལོའི་ཟླ་9པའི་བར་འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱིས་གཙོད་ནི་མང་ཤོས་གསོད་པ་དང་སྟོངས་ལ་ཁད་ཀྱི་སྲོག་ཆགས་ཡིན་པའི་ཁྱབ་བསྒྲགས་བྱས། 2017ལོའི་ཟླ་7པར་ཁུ་ཁུ་ཤིས་རི་འཛམ་གླིང་ཤུལ་བཞག་ལ་རེ་ཞུ་ཐུབ་ནས་ཀྲུང་གོའི་འཛམ་གླིང་རང་བྱུང་ཤུལ་བཞག་གནས་51དེར་གྱུར།


རྩོམ་སྒྲིག་པ།