འཛམ་གླིང་སིལ་ཚོང་ཚོགས་ཆེན་ཐོག་ཀྲུང་གོས་བསྐྲུན་པའི་གོ་སྐབས་ལ་དོ་སྣང་བྱེད་པ།

ཡོང་ཁུངས། སྤེལ་དུས 2018-12-28 11:00:21

ཚེས་17ཉིན་སི་ཕེན་གྱི་རྒྱལ་ས་མ་ཏེ་རིར་འཛམ་གླིང་སིལ་ཚོང་ཚོགས་ཆེན་འཚོགས་པ་དང་གོ་ལ་ཧྲིལ་པོའི་སིལ་ཚོང་ལས་རིགས་དང་དེ་བཞིན་འབྲེལ་ཡོད་ཁེ་ལས་ཀྱི་འཐུས་མི་མཉམ་འཛོམས་བྱས་ཏེ་དུས་རབས་གསར་པའི་སིལ་ཚོང་ལས་རིགས་འཕེལ་རྒྱས་དང་གསར་གཏོད་སྐོར་གྲོས་བསྡུར་བྱས་པ་དང་ཀྲུང་གོའི་འཕེལ་རྒྱས་ཀྱིས་གོ་ལ་ཧྲིལ་པོའི་སིལ་ཚོང་ལས་རིགས་ལ་གོ་སྐབས་སྦྱིན་པར་དོ་སྣང་བྱས་པ་རེད།

ད་ཐེངས་ཀྱི་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི“གསར་གཏོད་ནི་རྣམ་པར་རྒྱལ་བའི་ལག་ཆ་ལྟ་བུ་ཡིན”ཞེས་པ་དེ་ཡིན་ཞིང་། གསར་འགོད་པས་ཚོགས་ཆེན་ཐོག་ཧ་ལམ་སྤུས་རྟགས་ཐོན་སྐྱེད་ཚོང་པ་ཚང་མས་ཀྲུང་གོའི་ཁྲོམ་རར་ཧ་ཅང་དགའ་པོ་བྱེད་པ་མྱོང་ཚོར་ཐུབ་པ་དང་ཚོགས་ཆེན་གྱི་གླེང་སྟེགས་གཅིག་ཐོག་སི་ཕེན་གྱི་གྱོན་ཆས་ལས་རིགས་ཀྱི་སྒེར་སྡེམ་པ་ཆེན་པོ་MANGOཡི་ལག་བསྟར་སྤྱི་ཁྱབ་གཞོན་པ་ཏན་ཉིར·ལུའོ་ཕེ་སིས“མགྱོགས་མྱུར་འཕེལ་རྒྱས་འགྲོ་བཞིན་པའི་ཀྲུང་གོ་ནི་འཛམ་གླིང་གི་གོ་སྐབས་ཡིན། ཀྲུང་གོ་དངོས་གནས་གྱོང་པོ་འདུག ཁོང་ཚོའི་དྲ་ཐོག་ལས་སྟེགས་ལ་གྲུབ་འབྲས་ཐོབ་པའི་གཉེར་སྐྱོང་ཐབས་རྩལ་དང་ལུགས་མཐུན་གྱི་ཚོང་ལས་དཔེ་དབྱིབས་ལྡན་པས་དེ་ནི་བློ་ལ་བབ་པའི་མཉམ་ལས་རོགས་ཟླ་ཞིག་རེད”ཅེས་བརྗོད་པ་རེད།

ཚོགས་ཆེན་ལ་རང་འགུལ་ངང་མིང་ཐོ་བཀོད་དེ་ཨ་ལི་པ་པའི་དང་བླངས་པ་བྱེད་པའི་སི་ཕེན་གྱི་གཞོན་ནུ་ཞིག་གིས“ཀྲུང་གོ་ནི་མི་མངོན་པའི་སྟོབས་ཤུགས་ཀྱི་མཚོན་བྱེད་དང་གོ་སྐབས་ཀྱི་མཚོན་བྱེད་ཡིན་པ་མ་ཟད། འབྱུང་འགྱུར་གྱི་མཚོན་བྱེད་དེ་བས་རེད”ཅེས་བཤད་པ་རེད།

རྩོམ་སྒྲིག་པ།