སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་སྨད་དུ་མཐའ་མཚམས་སྲུང་བཞིན་པའི་གཅེན་གཅུང་གཉིས་ལ་འཕྲིན་ལན་སྤྲིངས་གནང་བའི་ལོ་དེའི་ནང་།

ཡོང་ཁུངས། སྤེལ་དུས 2019-01-02

581928_yis_1546320259247.jpg

འདི་ནི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱིས་གྲོང་མདོར་ཡོད་པའི་སྐར་ལྔའི་དར་དམར་ལ་ལྟ་བཞིན་པ།

རྩོམ་སྒྲིག་པའི་སྦྲགས་མཆན། 

འདས་ཟིན་པའི་2018ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས“དོན་ཆེན་གསུམ”ལ་དམ་པོར་དམིགས་པ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་འགན་ལེན་དུ་བྱེད་པ། འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་པས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། འདི་ག་ཚགས་པར་གྱིས་དེ་རིང་ནས་བཟུང《ངོ་མཚར་ཆེ་བའི་2018ལོ》ཡི་ཆེད་སྒྲིག་ལེ་ཚན་བཏོན་ནས་ལོ་གཅིག་རིང་རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་ཐོབ་པའི་གཡུར་དུ་ཟ་བའི་གྲུབ་འབྲས་ལ་ཕྱིར་དྲན་ཞུ་རྒྱུ་ཡིན་པས་ཚང་མས་དོ་ཁུར་ཡོད་པ་ཞུ།

“རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད་ལ། རྒྱལ་མཚམས་ཀྱི་དུས་བདེ་མེད་ན་ཁྱིམ་ཚང་ཁྲི་སྟོང་མང་པོའི་དུས་བདེ་མེད། མེས་རྒྱལ་གྱི་མངའ་ཁོངས་ས་ཆའི་ཐོག་གི་རྩྭ་རྩི་ཤིང་ཚུན་ཆད་ང་ཚོ་ཚང་མས་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་སྨད་ཤང་གི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་འཕྲིན་ལན་སྤྲིངས་གནང་ཡོད། འཕྲིན་ལན་ནང་མཐའ་སྲུང་མཐའ་བརྟན་གྱི་དོན་སྙིང་གལ་ཆེན་ལ་རྒྱས་བཤད་གཏིང་ཟབ་གནང་བ་དང་། རྒྱ་ཆེའི་མཐའ་མཚམས་མི་སེར་ཚོས་དུས་ཡུན་རིང་པོའི་ནང་སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་བ་དང་རྒྱལ་ཁབ་ཀྱི་ས་ཆ་སྲུང་བའི་བླ་ན་མེད་པའི་སྙིང་སྟོབས་ལ་ཁས་ལེན་གང་ལེགས་གནང་བ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲི་300ལྷག་ཙམ་གྱིས་མཐའ་སྲུང་དམངས་ཕྱུག་ཡོང་བའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་སོང་ཡོད། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ལན་སྤྲིངས་གནང་བའི་ལོ་འདིའི་རིང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་གནང་བའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་བཅས་བྱས་ཏེ་ལྗོངས་ཡོངས་སུ“བླ་ན་མེད་པའི་རྒྱལ་ཁབ་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བས་མི་རྣམས་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད། 

ཡུལ་སྨད་ཤང་གི་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་བས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ལན་སྤྲིངས་གནང་བའི་ལོ་འདིའི་རིང་ཡུལ་སྨད་རྒྱལ་ཁབ་གློག་དྲ་དང་སྦྲེལ་མཐུད་ཐུབ་ནས་ཆུ་དང་གློག་བརྟན་པོ་མེད་པའི་གནད་དོན་བསལ་བ་དང་། གཞི་རིམ་གྱི་སྤྱི་ཚོགས་འགན་བཅོལ་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་དང་མི་མེད་རང་འགུལ་གནམ་གཤིས་ལྟ་དཔྱད་ས་ཚིགས་སོགས་གཅིག་རྗེས་གཉིས་མཐུད་ངང་སྤྱོད་འགོ་ཚུགས་པས། འཚོ་བ་ཉིན་རེ་ལས་མ་བསྡད་པར་སྐྱིད་དུ་འགྲོ་གི་འདུག”ཅེས་བཤད། 

ལོ་འདིའི་རིང་ཡུལ་སྨད་ནས་ཕྱི་ཕྱོགས་སུ་བསྐྱོད་སའི་ལམ་བུ་ཇེ་ཡངས་སུ་ཕྱིན་ཞིང་། ཛ་དྲག་གི་གནས་ཚུལ་འཕྲད་སྐབས་ད་དུང་གངས་གཤོང་རླངས་འཁོར་གྱིས་ཆེད་མངགས་གཞུང་ལམ་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད། བོད་ཀྱི་ལོ་གསར་བཏང་རྗེས་སྦྲག་པ་པད་མ་རྒྱལ་མཚན་གྱི་བུ་དཀོན་མཆོག་བསྟན་པ་རླངས་འཁོར་དུ་བསྡད་ནས་སློབ་གྲྭར་ལོག་ཡོད། དཀོན་མཆོག་བསྟན་པས་སྐད་འཕྲིན་གྲོགས་ཚོགས་སུ“རླངས་འཁོར་བསྡད་ནས་སློབ་གྲྭར་ལོག་པའི་སྐལ་བ་ཐོབ་སོང”ཞེས་བྲིས་ཡོད་པ་རེད། 

ལོ་འདིའི་རིང་ཡུལ་སྨད་ཤང་གི་སློབ་གྲྭ་ཆེ་མོ་བ་དང་པོ་ཡིན་པའི་གཡང་འཛོམས་ཀྱི་བུ་བསོད་ནམས་དོན་གྲུབ་སློབ་གྲྭ་ཐོན་རྗེས་སེམས་ཐག་ཆོད་པོས་ཕ་ཡུལ་དུ་ལོག བསོད་ནམས་དོན་གྲུབ་ཀྱིས“ང་ཚོ་གཞོན་རབས་ཚོས་ངེས་པར་དུ་མེས་པོའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཡག་པོ་བཏང་ནས‘བླ་ན་མེད་པའི་རྒྱལ་ཁབ་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན’ཡག་པོ་བྱེད་དགོས”ཞེས་བཤད། 

ལོ་འདིའི་རིང་ཡུལ་སྨད་ཀྱི་འབྱོར་འབྲིང་གྲོང་ཚོ་ཡང་སྐྲུན་ཚར་ཉེར་ཡོད་ཅིང་། སྤོ་ཉེར་ཡོད་པའི་མང་ཚོགས་ལ་བསུ་བ་ཞུ་ཆེད། ཁང་པ་བསྐྲུན་རྒྱུར་ཡང་བའི་ལྕགས་རིགས་ཀྱི་དམིགས་བསལ་སྒྲོམ་གཞི་སྤྱད་སྟབས་གནམ་གཤིས་ཀྱིས་ལས་ཡུན་ལ་ཤུགས་རྐྱེན་ཐེབས་ཚད་ཆུང་དུ་ཕྱིན་ཡོད། དཔུང་སྡེའི་ལག་རྩལ་པའི་མཛུབ་ཁྲིད་འོག་ས་གནས་དེ་གའི་མང་ཚོགས་ཚོས་སྔོ་ཚལ་འགྱིག་ཤོག་དྲོད་ཁང་བརྒྱབ་ཡོད། 2019ལོར་ཡུལ་སྨད་མང་ཚོགས་ཀྱིས་རང་ཉིད་ཀྱིས་བཏབ་པའི་སྔོ་ཚལ་སོས་པ་ལོངས་སུ་སྤྱོད་ཐུབ་རྒྱུ་རེད། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ལན་སྤྲིངས་གནང་ནས་ལོ་གཅིག་འཁོར་བའི་མཚམས་འདིར། ཀྲུང་དབྱང་དྲིལ་བསྒྲགས་པུས་གཟེངས་བསྟོད་གཏན་འབེབས་བྱས་ཏེ། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ“དུས་རབས་ཀྱི་མིག་དཔེའི”གཟི་བརྗིད་མཚན་སྙན་སྤྲད་པ་རེད། 

ཡུལ་སྨད་ཤང་དུ་འགྱུར་ལྡོག་ཆེན་པོ་བྱུང་བ་དེ་ནི་རང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་ཧུར་ཐག་བཏང་བའི་དཔེ་མཚོན་ཞིག་རེད། 

“ཐོན་ལས་དར་རྒྱས་དང་། སྣོད་བཅུད་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་བཟང་བ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག”བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱ་རྒྱུ་གཞི་རྩའི་བྱེད་ཐབས་སུ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དེ་དུས་མཚམས་རང་བཞིན་གྱི་ལས་འགན་གལ་ཆེ་ཤོས་སུ་བརྩི་བ་དང་། དངོས་པོའི་དཔལ་ཡོན་སྲོལ་གཏོད་བསམ་པའི་དཔལ་ཡོན་སྲོལ་གཏོད་ཟུང་འབྲེལ་བྱ་རྒྱུར་མཐོང་ཆེན་བྱེད་པ། ཞིང་འབྲོག་ཁུལ་གྱི་འཛུགས་སྐྲུན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གྲོང་གསེབ་དར་རྒྱས་ཀྱི་བརྗིད་ཆགས་ཡིད་འོང་གི་འཆར་གཞི་གངས་ལྗོངས་ས་མཐོར་འགོད་བཞིན་མཆིས། 


རྩོམ་སྒྲིག་པ།