2018ལོར་རྒྱལ་ཡོངས་སུ་སྔོན་དཔག་བྱས་ན། རྫོང་དབུལ་པོ་50%ཡན་དབུལ་ཞྭ་འབུད་ཐུབ་རྒྱུ་ཡིན་པ།

ཡོང་ཁུངས། སྤེལ་དུས 2018-12-28 10:58:05

2018ལོར་རང་རྒྱལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་སྤྱོད་ཚུལ་འཛུགས་སྐྱོང་དང་དབུལ་སྐྱོར་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་སྤེལ་ཏན་ཏིག་བཏང་བ། 

སྔོན་དཔག་ལྟར་ན་འདི་ལོའི་ལོ་མཇུག་ཏུ་གྲོང་ཚོ་དབུལ་པོ་80%ཙམ་དབུལ་སྒྲོལ་ཐུབ་རྒྱུ་དང་། རྫོང་དབུལ་པོ་50%ཡན་དབུལ་ཞྭ་འབུད་ཐུབ་རྒྱུ་ཡིན་པ།

ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཁྱད་ཆོས་གསུམ་ཡོད་པ་སྟེ།

—— ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་ཏན་ཏིག་བཏང་བ།

—— འདི་ལོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་སྤྱོད་ཚུལ་འཛུགས་སྐྱོང་གི་ལོ་ཡིན། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་གྱི་ཆེད་དོན་བཅོས་སྐྱོང་བྱས་པ་དང་། དངོས་འཛིན་དངོས་སྒྲུབ་དམ་འཛིན་དང་དངོས་ཐོག་བདེན་འཚོལ་ལ་སྐུལ་མ་བཏང་བས་མིག་སྔར་སྤྱོད་ཚུལ་བསྒྱུར་བའི་ཐད་གྲུབ་འབྲས་རགས་ཙམ་ཐོབ་ཡོད།

—— འདི་ལོ་རང་རྒྱལ་གྱིས་དབུལ་སྐྱོར་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་དེ་གཙོ་གནད་ལས་དོན་ལ་བརྩིས་པ།

རྩོམ་སྒྲིག་པ།