ཧོ་པེ་ཏ་ཁྲེང་གིས་དབང་པོ་སྐྱོན་ཅན་གྱི་དངོས་སྦྱོང་རྟེན་གཞིར་བརྟེན་ནས་ལས་ཞུགས་དབུལ་སྐྱོར་ལ་རོགས་རམ་བྱས་པ།

ཡོང་ཁུངས། སྤེལ་དུས 2018-12-24 16:01:01

ད་ཕན་ལོ་ཤས་རིང་། ཧོ་པེ་ཏ་ཁྲེང་རྫོང་གིས་དབང་པོ་སྐྱོན་ཅན་དབུལ་པོའི་ལས་ཞུགས་ལས་གཏོད་ལས་དོན་ལ་རོགས་སྐྱོར་ཤུགས་ཆེན་བྱས་ཏེ“ཉི་འོད་དབུལ་སྐྱོར་ལས་ཞུགས་རྟེན་གཞི”བཙུགས་ནས་ཁེ་ལས་མང་པོ་དང་མཉམ་ལས་ཀྱིས་དབང་པོ་སྐྱོན་ཅན་དབུལ་པོར་རིན་མེད་རྩལ་ནུས་གསོ་སྦྱོང་བྱས་པ་དང་། གསོ་སྦྱོང་བྱས་རྗེས་ཁེ་ལས་སུ་ལས་ཀ་སྤྲད་དེ་རྩལ་ནུས་གསོ་སྦྱོང་དང་། དངོས་སྦྱོང་གསོ་སྦྱོང་། ལས་ཞུགས་ལས་གཏོད། གཞོགས་འདེགས་རང་བཞིན་གྱི་ལས་ཞུགས་སོགས་གཞི་གཅིག་ཅན་གྱི་གནད་སྨིན་དབུལ་སྐྱོར་གྱིས་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱས་ཡོད། མིག་སྔ་བར། དབང་པོ་སྐྱོན་ཅན་གྱི་དུད་ཚང་དབུལ་པོ་50གསོ་སྦྱོང་བྱས་པ་དང་འབྲེལ་ལས་ཞུགས་ཐུབ་པ་བྱུང་ཞིང་། འདི་ནི་ཏ་ཁྲེང་རྫོང“ཉི་འོད་དབུལ་སྐྱོར་ལས་ཞུགས་རྟེན་གཞིའི”ལག་རྩལ་མི་སྣས་དབང་པོ་སྐྱོན་ཅན་དབུལ་པོར་ཤེལ་ཕོར་བཟོ་སྟངས་སློབ་བཞིན།

རྩོམ་སྒྲིག་པ།