སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཡི་རིང་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་བྱུང་བ།

ཡོང་ཁུངས། སྤེལ་དུས 2019-01-03

ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཡི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་པའི་སྣེ་ཁྲིད། པེ་ཅིང་གྲོང་ཁྱེར་དང་ཅང་སུའུ་ཞིང་ཆེན་གྱི་སྒེར་སེམས་མེད་པའི་རོགས་སྐྱོར་བཅས་ཀྱི་འོག མི་རིགས་ཁག་གི་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པ་བརྒྱུད་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད། ལྷ་ས་གྲོང་ཁྱེར་གྱི་ཧྲེ་ཀྲང་གཞོན་པ་ཀྲུའུ་ཅན་ཧུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2017ལོར་ལྷ་ས་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་479.25ཟིན་པ་དེ་1978ལོའི་ལྡབ་206ཡིན་པ་དང་། སྤྱི་ཚོགས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་611.73ཟིན་པ་དེ་1978ལོའི་ལྡབ་777ཡིན་པ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་གི་སྤྱི་འབོར་སྒོར་དུང་ཕྱུར་258.76ཟིན་པ་དེ་1978ལོའི་ལྡབ་276ཡིན་པ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་89.63ཟིན་པ་དེ་1978ལོའི་ལྡབ་301ཡིན་པ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་57ཟིན་པ་དེ་དུས་མཚུངས་ལས་14.5%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་32408ཟིན་པ་དེ་དུས་མཚུངས་ལས་10%འཕར་བ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་12994ཟིན་པ་དེ་1978ལོའི་ལྡབ་87ཡིན་པ་རེད།

དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་རུ་ནུས་ལྡན་ཕྱིན་པ། ལོ་40ཡི་རིང་ལྷ་ས་གྲོང་ཁྱེར་གྱིས་ས་མཐོའི་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ། ས་གཙང་བདེ་ཐང་དང་རིག་གནས་ཡུལ་སྐོར་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས་ས་གཙང་བདེ་ཐང་ཐོན་ལས་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་འཕེལ་རྒྱས་བྱུང་བ་དང་། ཐོན་ལས་ཀྱི་འཕེལ་ཁ་བཟང་བ། “ལྷ་སའི་ས་གཙང”ཁྱབ་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ལ“2018ལོ་འཁོར་གྱི་སྤུས་རྟགས་ཚོང་རྟགས་འགྲེམས་ཚོགས་ཀྱི་གསེར་གྱི་བྱ་དགའ”ཐོབ་པ། གཟི་ཕུག་གི་འབྲི་གཡག་དང་ལྷ་སའི་བྱ་དེ་དཀར་པོ་རྒྱལ་ཁབ་ཞིང་ལས་ཐོན་རྫས་ཀྱིས་ཁམས་མཚོན་རྟགས་ལ་ཐོ་འགོད་བྱས་ནས་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་མེད་པའི་སྟོང་ཆ་བསྐང་ཡོད། ལོ་རེའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་བརྒྱ་ལས་བརྒལ་བ། ས་གཙང་བདེ་ཐང་ཐོན་རྫས་རིགས་30ལྷག་ཙམ་ནང་སའི་རྩེར་སོན་ཁྲོམ་རར་བཏོན་ཡོད། རིག་གནས་ཡུལ་སྐོར་ཐོན་ལས་དེ་ཀ་རྟེན་ཐོན་ལས་སུ་གྱུར་པ་དང་གྲོང་ཁྱེར་དེ་ཡོངས་ཀྱི་དཔལ་འབྱོར་གྱི་སྤྱི་འབོར་ཁྲོད་རིག་གནས་ཡུལ་སྐོར་ཐོན་ལས་ཀྱིས་40%ཡན་བཟུང་ཡོད། 2017ལོར་ཡུལ་སྐོར་ལས་རིགས་ལ་ཡོང་འབབ་སྒོར་དུང་ཕྱུར་227.4བྱུང་བ་དང་ཡུལ་སྐོར་ལས་རིགས་ལ་ཞུགས་མཁན་ཞིང་འབྲོག་པ་ཁྲི་8.9ཟིན་ཡོད།

སྒྱུར་བཅོས་དང་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་པ། ལོ་40ཡི་རིང་ལྷ་ས་གྲོང་ཁྱེར་གྱིས་མུ་མཐུད་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་ལྟེ་བའི་གྲོང་ཁྱེར་དང་ཟམ་སྣེའི་མཁར་རྫོང་ཧུར་ཐག་བཏོད་པ་དང་ཀྲུང་ནེའི་མཛའ་གྲོགས་ཀྱི་བཟོ་ལས་གླིང་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ། ལྷ་སའི་ཕྱོགས་བསྡུས་ཁྲལ་ཁུལ་འཛུགས་སྐྲུན་བརྟན་པོའི་ངང་ལག་ལེན་བསྟར་ཡོད། 2017ལོར་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཁེ་ལས་ཀྱིས་ནེ་པ་ལར་མ་འཇོག་བྱེད་ཚད་ཨ་སྒོར་ཁྲི་300ལས་བརྒལ་ནས་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་སྤྱི་འབོར་སྒོར་དུང་ཕྱུར་44ཟིན་པ་དེ་དུས་མཚུངས་ལས་6.8%འཕར་ཡོད། “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། དྲ་སྦྲེལ+སྲིད་དོན་ཞབས་ཞུ་ལག་ལེན་ཤུགས་ཆེན་བསྟར་བ། སྲིད་འཛིན་གྱི་ཞིབ་བཤེར་མཆན་འགོད་ཀྱི་དོན་ཚན་51%ཁུ་བསྡུ་བྱེད་པ། ལས་སྒྲུབ་ཀྱི་དུས་ཚོད་53.7%ཐུང་དུ་གཏོང་བ། དོན་གནད་29ས་གནས་ས་ཐོག་ཏུ་སྒྲུབ་པ་བཅས་ཀྱི་ཐོག་ནས་སྲིད་འཛིན་གྱི་ཞིབ་བཤེར་མཆན་འགོད་སྒྱུར་བཅོས་ཀྱི་དུས་མཚམས་རང་བཞིན་གྱི་དམིགས་ཚད་འགྲུབ་ཡོད།

སྣོད་བཅུད་ཁོར་ཧ་ཅང་ཡུག་ལེགས་སུ་ཕྱིན། ལོ་40ཡི་རིང་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་རྒྱུར་དམིགས་ཏེ། “རི་སྟེང་དུ་ལྕང་མ་འདེབས་པ་དང་། ཆུ་བོ་མཚེའུ་ལ་བསྒྱུར་བ། དུད་ཚང་ལ་དྲོད་རླངས་ཁྲིད་པ”བཅས་ཀྱི་འདུ་འགོད་གཙོ་གནད་ཐོག་ལག་ལེན་བསྟར་ཡོད། “རི་སྟེང་དུ་ལྕང་མ་འདེབས་པའི”འདུ་འགོད་ཀྱིས་ནགས་བཟོ་སྔོ་འགྱུར་མུའུ་3323བྱས་པ་དང་། སྡོང་ཕྲུག་རྐང་75ལྷག་ཙམ་བཏབ་པར་གསོན་ཚད་80%ཡན་ཟིན་ནས་ས་བབ་སྨི་3900ཡན་གྱི་མི་ཐབས་ལ་བརྟེན་པའི་ནགས་བཟོའི་ངོ་མཚར་བཏོད་ཡོད། “ཆུ་བོ་མཚེའུ་ལ་བསྒྱུར་བའི”འདུ་འགོད་ཀྱིས་རགས་སྒོར་ཆུ་གསོག་སྒྲོམ་བཙུགས་ནས་མཚེའུ་ངོས་མུའུ་2700ལྷག་ཙམ་ཟིན་པ་དང་གྲོང་ཁུལ་གྱི་མཁའ་རླུང་བརླན་བཤེར་ཆགས་ཚད་8%ཀྱིས་མང་དུ་སོང་ནས་ལྷ་ས་སྐྱིད་ཆུ་དེ་རྒྱལ་ཁབ་རིམ་པའི་ཆུ་བེད་མཛེས་ལྗོངས་ཁུལ་དུ་གྱུར་ཡོད།

གྲོང་ཁྱེར་འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་བྱུང་བ། ལོ་40ཡི་རིང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་བྱེད་རིང་། ལྷ་ས་གྲོང་ཁྱེར་གྱིས་རྩེ་རིམ་ཇུས་འགོད་བྱེད་ཤུགས་ཆེ་རུ་བཏང་བ་དང་འཆར་འགོད་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། 1978ལོ་ནས་2017ལོ་བར་གྲོང་ཁྱེར་འཛུགས་སྐྲུན་ཁུལ་གྱི་གཞི་ཁྱོན་སྤྱི་ལེ་ངོས་གྲུ་3ནས་སྤྱི་ལེ་ངོས་གྲུ་77.9བར་ཆེ་རུ་སོང་ནས་ལྡབ་26འཕར་བ་དང་། “ལྟེ་བ་གཅིག་དང་ཁུལ་གཉིས་དང་། ལྷོ་བྱང་སྦྲེལ་མཐུད། རྫོང་ལྔ་དང་ཆུས་ལྔ་ལ་སྐུལ་ཁྲིད་དང་ཁྱད་ལྡན་གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུར་ཁྱབ་པའི”འཕེལ་རྒྱས་ཀྱི་རྣམ་པ་ཆགས་པ། དཔལ་འབྱོར་གསར་སྤེལ་ཁུལ་དང་། མཐོ་གསར་ལག་རྩལ་གསར་སྤེལ་ཁུལ། རིག་གནས་གསར་གཏོད་ཐོན་ལས་གླིང་། གྲོང་ཁུལ་རྙིང་པ། མཁའ་འགྲུལ་ཁུལ་གསར་སོགས་གྲོང་ཁྱེར་གྱི་བྱེད་ནུས་ཁུལ་རྒྱ་སྐྱེད་མྱུར་པོ་བྱུང་བ། སྟོད་ལུང་བདེ་ཆེན་རྫོང་དང་སྟག་རྩེ་རྫོང་སྔ་རྗེས་སུ་ཆུས་ལ་བསྒྱུར་བ། ཐེམ་ཁུངས་མི་འབོར་ཁྲི་37.2ནས་ཁྲི་54བར་མང་དུ་སོང་བ། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་1978ལོའི་35.6%ནས་2017ལོའི་42.4%བར་འཕར་ཡོད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཉིན་བཞིན་འཐུས་སྒོ་ཚང་དུ་སོང་བ་དང་། གསར་སྐྲུན་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་2000ཟིན་པ། གྲོང་གསེབ་ཏུ་ཤར་གཏོང་ཐུབ་པའི་གཞུང་ལམ་སྤྱིའི་ལམ་ཚད་སྤྱི་ལེ་3763ཟིན་པ། གྲོང་ཁྱེར་དེ་ཡོངས་ཀྱི་ཤང་དང་གྲོང་རྡལ་དང་གྲོང་ཚོ་དང་གྲོང་ལྷན་ཡོངས་ལ་ཁྱབ་པ། འོད་སྐུད་གྲོང་ཚོ་ཚང་མར་ཁྱབ་ཡོད། ལྗོངས་ཡོངས་ཀྱི་སྔོན་ཚུད་དུ་རྫོང་དབར་གྱི་གྲོང་གསེབ་ཀྱི་འགྲུལ་སྐྱེལ་སྒྱུར་བཅོས་ལེགས་གྲུབ་བྱས་པ་དང་། ཤང་དང་གྲོང་རྡལ་དུ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་92%ཟིན་པ། སྲིད་འཛིན་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་82.5%ཟིན་པ་ལས་ཁྲེང་ཀོན་ཆུས་དང་། སྟོད་ལུང་བདེ་ཆེན་ཆུས། ལྷུན་གྲུབ་རྫོང་། ཆུ་ཤུར་རྫོང་བཅས་སུ་སྲིད་འཛིན་གྲོང་ཚོའི་དུས་གཏན་རླངས་འཁོར་ཤར་གཏོང་ཐུབ་ཚད་100%ཟིན་ཡོད།

དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་བྱུང་བ། གྲོང་ཁྱེར་དེ་ཡོངས་ཀྱི་རྫོང་དབུལ་པོ་8ཚང་མའི་དབུལ་ཞྭ་ཕུད་པ་དང་། གྲོང་ཚོ་དབུལ་པོ་225ཚང་མ་དབུལ་སྒྲོལ་བྱུང་བ། དབུལ་པོར་འགྱུར་ཚད་0.27%བར་ཆག་པ། ལྗོངས་ཡོངས་ཀྱི་སྔོན་དུ་དབུལ་པོ་ཚང་མ་དབུལ་སྒྲོལ་བྱུང་ཡོད། 


རྩོམ་སྒྲིག་པ།