བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

(2019)ཡིག་ཨང་དང་པོ།

ཡོང་ཁུངས། སྤེལ་དུས 2019-01-08

ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་22པའི་ཐོག་ཁྲེན་ཡུང་ཆི་དང་རྡོ་རྗེ་ཚེ་དབང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་འཐུས་མིར་གསབ་འདེམས་བྱས་པ་དང་། གཞིས་རྩེ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་34པའི་ཐོག་ཀྲའོ་ཞའོ་ཀྲོའུ་དང་ཉི་མ་ཚེ་རིང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་འཐུས་མིར་གསབ་འདེམས་བྱས་པ། ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་6པའི་ཐོག་ཝང་ཀང་དང་ཝང་ཐན་ཧའོ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་འཐུས་མིར་གསབ་འདེམས་བྱས་པ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་9པའི་ཐོག་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྙན་ཞུར་གྲོས་ཞིབ་བྱས་པ་དང་སྦྲགས་མོས་མཐུན་ཡང་བྱུང་ནས་ཁྲེན་ཡུང་ཆི་དང་། རྡོ་རྗེ་ཚེ་དབང་། ཀྲའོ་ཞའོ་ཀྲོའུ། ཉི་མ་ཚེ་རིང་། ཝང་ཀང་། ཝང་ཐན་ཧའོ་བཅས་ཀྱི་འཐུས་མིའི་ཐོབ་ཐང་གོ་ཆོད་པའི་གཏན་འཁེལ་བྱས་པ་རེད།

ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་བདེ་སྐྱིད་སྒྲོལ་དཀར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་འཐུས་མིའི་གོ་གནས་དགོངས་ཞུ་དང་ལེན་བྱ་རྒྱུའི་གཏན་འབེབས་བྱས་པ་དང་། གཞིས་རྩེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་དབྱང་ཅེ་དང་ཡོན་ལེའང་གི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་འཐུས་མིའི་གོ་གནས་དགོངས་ཞུ་དང་ལེན་བྱ་རྒྱུའི་གཏན་འབེབས་བྱས་པ། ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཕུར་བུ་སྒྲོལ་མའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་འཐུས་མིའི་གོ་གནས་དགོངས་ཞུ་དང་ལེན་བྱ་རྒྱུའི་གཏན་འབེབས་བྱས་པ། མཚོ་གཉིས་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཀྲང་ཡིའུ་ཉན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་འཐུས་མིའི་གོ་གནས་དགོངས་ཞུ་དང་ལེན་བྱ་རྒྱུའི་གཏན་འབེབས་བྱས་པ། ཤན་རྩ་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཝང་ཁོའོ་ཡི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་འཐུས་མིའི་གོ་གནས་དགོངས་ཞུ་དང་ལེན་བྱ་རྒྱུའི་གཏན་འབེབས་བྱས་པ། བོད་དམག་ཁུལ་ཁང་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་འཇམ་དབྱངས་དང་། ཐང་ཞའོ་ཡུང་། དཔལ་བཟང་བཅས་ཀྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་འཐུས་མིའི་གོ་གནས་དགོངས་ཞུ་དང་ལེན་བྱ་རྒྱུའི་གཏན་འབེབས་བྱས་པ་བཅས་རེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། བདེ་སྐྱིད་སྒྲོལ་དཀར་དང་། དབྱང་ཅེ། ཡོན་ལེའང་། ཕུར་བུ་སྒྲོལ་མ། ཀྲང་ཡིའུ་ཉན། ཝང་ཁོའོ། འཇམ་དབྱངས། ཐང་ཞའོ་ཡུང་། དཔལ་བཟང་བཅས་ཀྱི་འཐུས་མིའི་ཐོབ་ཐང་མཚམས་འཇོག་བྱས་པ་རེད། ཙེང་དབན་མིང་དང་ཁྲེན་ཙུའོ་སུང་བོད་རང་སྐྱོང་ལྗོངས་ནས་ལས་བསྒྱུར་བྱས་སྟབས། ཙེང་དབན་མིང་དང་ཁྲེན་ཙུའོ་སུང་གི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་འཐུས་མིའི་ཐོབ་ཐང་རང་བཞིན་ངང་མཚམས་འཇོག་བྱས་ཡོད།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཕུར་བུ་སྒྲོལ་མའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གྱི་གོ་གནས་དང་། བདེ་སྐྱིད་སྒྲོལ་དཀར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པའི་གོ་གནས། ཀྲང་ཡིའུ་ཉན་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་བཅས་དེ་མཚུངས་ཀྱིས་མཚམས་འཇོག་བྱས་པ་རེད།

མིག་སྔའི་བར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པར་དངོས་སུ་འཐུས་མི་434ཡོད་པ་རེད།

དམིགས་སུ་བཀར་ནས་སྤྱི་བསྒྲགས་འདི་སྤེལ་བ་ཡིན།

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས།

2019ལོའི་ཟླ་1ཚེས་6ཉིན།


རྩོམ་སྒྲིག་པ།