ཧན་ཀྲེང་གིས་པེ་ཅིང་དུ་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐོ་འགོད་ལས་དོན་ཐེངས་བཞི་པར་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན།

ཡོངས་བཤེར་ཐོ་འགོད་འགན་ལེན་བྱེད་ཐབས་ཤུཌ་ཆེར་བཏང་ནས་འབྱུང་རྩའི་གྲངས་གཞི་ཇི་མ་ཇི་བཞིན་དང་བློས་འགེལ་ཆོག་པའི་འགན་ལེན་བྱེད་དགོས།

ཡོང་ཁུངས། སྤེལ་དུས 2019-01-08

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་བཞི་པའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཧན་ཀྲེང་གིས་པེ་ཅིང་དུ་དཔལ་འབྱོར་ཡོངས་བཤེར་ཐོ་འགོད་ལས་དོན་ལ་བརྟག་ཞིབ་གནང་ཞིང་། ཧན་ཀྲེང་གིས་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་བཞི་པ་ནི་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྒྱལ་ཁབ་ཀྱི་སྟོབས་ཤུགས་ལ་བརྟག་དཔྱད་གལ་ཆེན་ཐེངས་ཤིག་བྱས་པ་ཞིག་རེད། ས་ཁུལ་ཁག་དང་། སྡེ་ཚན་ཁག འབྲེལ་ཡོད་ཚན་པ་ཁག་བཅས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཡོངས་བཤེར་ཐོ་འགོད་ཀྱི་འགན་ལེན་བྱེད་ཐབས་ཁག་ཤུགས་ཆེར་གཏོང་བ་དང་། གཞི་གྲངས་ཀྱི་སྤུས་ཚད་ཚོད་འཛིན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། འབྱུང་རྩའི་གྲངས་གཞི་ཇི་མ་ཇི་བཞིན་དང་བློས་འགེལ་ཆོག་པའི་འགན་ལེན་བཅས་ཀྱི་ཐོག་ནས་རྒྱལ་དམངས་དཔལ་འབྱོར་ལ་སྤུས་ཚད་མཐོ་བའི“ཞིབ་བཤེར”ཞིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཧན་ཀྲེང་དང་ཐོག་ཧའེ་ཏན་ཆུས་ཀྲུང་དབན་རྒྱལ་སྤྱིའི་ལས་ཤག་ཐོག་ཁང་གི་པོ་མེ་སྒོ་རྩིས་ཚོང་ཁང་དུ་ཕེབས་ནས་ཡོངས་བཤེར་མི་སྣས་ཁེར་རྐྱང་གཉེར་སྐྱོང་དུད་ཚང་དུ་བསྐྱོད་དེ་ཐོ་འགོད་དང་གྲངས་གཞི་འཚོལ་བསྡུ་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ཡོངས་བཤེར་མི་སྣ་དང་ཚོང་ཁང་གི་སྦྱིན་བདག་དང་བྱམས་བརྩེའི་ངང་སྤེལ་རེས་ཀྱང་གནང་ཞིང་། ཁོང་གིས་ཡོངས་བཤེར་མི་སྣས་ལས་དོན་གཏིང་ཟབ་དང་ཞིབ་ཚགས་སྒྲུབ་པ་དང་། ས་གནས་ས་ཐོག་གི་ཐོ་འགོད་བྱ་སྤྱོད་རང་རྟོགས་ངང་ཚད་ལྡན་དུ་གཏོང་བ། ས་གནས་ས་ཐོག་གི་ཐོ་འགོད་བླང་བྱ་དང་རྩལ་ནུས་ཁག་བྱང་ཆུབ་པོའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ། རང་འགུལ་ངང་ལག་ཁྱེར་སྟོན་པ་དང་ཐོབ་ཐང་གསལ་པོར་བཤད་དེ་ཡོངས་བཤེར་བྱ་ཡུལ་གྱི་ཡིད་ཆེས་དང་། རྒྱབ་སྐྱོར། གཞོགས་འདེགས་བཅས་ཐོབ་ཐབས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

དེ་རྗེས་ཧན་ཀྲེང་དམངས་གཉེར་ཁེ་ལས་པེ་ཅིང་ཨའེ་ཆི་དབྱི་སྨྱན་སྦྱོར་གསར་པའི་ཚན་རྩལ་ཚད་ཡོད་ཀུང་སིར་ཕེབས་ནས་དྲ་སྦྲེལ་ཐད་གཏོང་མིན་པའི་ཁེ་ལས་ཀྱི་ཡོངས་བཤེར་ཐོ་འགོད་གནས་ཚུལ་ལ་གཟིགས་ཞིབ་གནང་བ་མ་ཟད། ཡོངས་བཤེར་ཐོ་འགོད་བྱེད་དགོས་རིགས་ཀྱི་ལས་སྒྲུབ་མི་སྣ་དང་ལས་གཉེར་ཡོང་འབབ་སོགས་ཁེ་ལས་ཀྱི་ཞིབ་ཕྲའི་ཆ་འཕྲིན་འདྲི་རྩད་ཀྱང་གནང་བ་རེད།

མཇུག་ཏུ་ཧན་ཀྲེང་ཀྲུང་གོ་ཕུའུ་ཐེན་ཆ་འཕྲིན་ཐོན་ལས་ཚོགས་པ་ཚད་ཡོད་ཀུང་སིར་ཕེབས་ཤིང་། གཞི་ཁྱོན་ལྡན་པའི་ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས་ཤིག་ཡིན་པའི་ངོས་ནས་བརྗོད་ན། ཀུང་སི་དེས་རྒྱལ་ཁབ་བསྡོམས་རྩིས་དྲ་སྦྲེལ་ཐད་གཏོང་ལས་སྟེགས་ཐོག་ཡོངས་བཤེར་རེའུ་མིག་ཐད་ཀར་འགོད་ཆོག ས་གནས་ས་ཐོག་ཏུ་བཀོལ་སྤྱོད་བྱེད་རིམ་ལ་གཟིགས་ཞིབ་གནང་རྗེས་ཧན་ཀྲེང་གིས་ཡོངས་བཤེར་གཞི་གྲངས་ཡང་དག་ཡོད་མེད་ཀྱིས་ཡོངས་བཤེར་གྱི་གྲུབ་འབྲས་ཐག་གཅོད་བྱེད་ཀྱི་ཡོད་པས། ཡོངས་བཤེར་སྒྲིག་གཞི་དང་ཡོངས་བཤེར་མི་སྣས་རང་ཚུགས་བརྟག་ཞིབ་དང་རང་ཚུགས་སྙན་ཞུའི་འགན་འཁྲི་ནན་ཏན་ངང་འཁུར་ནས་ཡོངས་བཤེར་གྱི་གཞི་གྲངས་ལ་ཐེ་གཏོགས་བྱེད་པའི་བྱེད་སྤྱོད་ཁག་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པ་དང་། དྲ་སྦྲེལ་ཐད་གཏོང་བྱེད་སྟངས་སྤྱད་དེ་ཡོངས་བཤེར་བྱས་པའི་ཚན་པའི་ངོས་ནས་བརྗོད་ན། ཡོངས་བཤེར་མི་སྣས་ས་གནས་ས་ཐོག་ཏུ་བསྐྱོད་དེ་འབྲེལ་ཡོད་ཆ་འཕྲིན་དུས་ཐོག་ཏུ་བདེན་མིན་ཞིབ་དཔྱད་བྱེད་པ་དང་འབྲེལ་ཞིབ་དཔྱད་བསྡུར་བཤེར་གྱི་གནས་ཚུལ་ཚད་ལྡན་དུ་གཏོང་དགོས་པ། རེའུ་མིག་འགོད་མཁན་ཚན་པས་རེའུ་མིག་དང་དམིགས་ཚད་ཚང་མ་རང་ཚུགས་ངང་འགོད་པ་དང་། ཡང་དག་གནད་འཁེལ་དང་འཐུས་ཚང་དུས་ཐོག་གི་ཡོངས་བཤེར་གྲངས་གཞི་གོང་འབུལ་ཞུས་ཏེ་བསྡོམས་རྩིས་གྲངས་གཞི་ཇི་མ་ཇི་བཞིན་དང་བློས་འགེལ་ཆོག་པའི་འགན་ལེན་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།


རྩོམ་སྒྲིག་པ།