ཨུ་བྷེའི་ཙུང་ཐུང་གིས་རྒྱལ་ཁབ་གཉིས་པོའི་གཞི་གཅིག་ཅན་དམ་ཟབ་ཏུ་གཏོང་རྒྱུའི་སྐོར་ལ་གྲོས་བསྡུར་བྱས་པ།

ཡོང་ཁུངས། སྤེལ་དུས 2019-12-16

ཚེས་7ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་། བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོ། དེ་བཞིན་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གི་དཔོན་རིགས་བཅས་ཀྱིས་ཨུ་རུ་སུའི་ལྷོ་ནུབ་རྒྱུད་ཀྱི་གྲོང་ཁྱེར་སུའོ་ཆི་རུ་བཞུགས་མོལ་བྱས་ནས། ཨུ་རུ་སུ་དང་བྷེ་ཨུ་རུ་སུའི་གཞི་གཅིག་ཅན་དམ་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་གནད་དོན་གལ་ཆེན་འགའ་ཞིག་ལ་གྲོས་བསྡུར་བྱས་པ་རེད།

ཚེས་7ཉིན། ཙུང་ཐུང་དྲ་ཚིགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལ་གཞིགས་ན། ཕུའུ་ཅིང་གིས་ལུའུ་ཁ་ཧྲེན་ཁོ་དང་ཁེར་རྐྱང་གྲོས་མོལ་མ་བྱས་གོང་། འདི་ལོའི་ཟླ་12ཚེས་8ཉིན་ནི་ཨུ་རུ་སུ་དང་བྷེ་ཨུ་རུ་སུའི་དབར་ཨུ་བྷེའི་མནའ་འབྲེལ་རྒྱལ་ཁབ་ཆིངས་ཡིག(གཤམ་དུ“ཆིངས་ཡིག”ཅེས་བསྡུ་རྒྱུ)བཞག་ནས་ལོ་20འཁོར་བའི་ཉིན་མོ་ཡིན། ཉེ་ཆར་ཨུ་བྷེ་རྒྱལ་ཁབ་གཉིས་པོའི་ཙུང་ལི་དང་སྲིད་གཞུང་གི་པུའུ་ཀྲང་གིས“ཆིངས་ཡིག”གི་སྒྲོམ་གཞིའི་འོག་ལེགས་གྲུབ་བྱུང་བའི་ལས་དོན་དང་ཐག་གཅོད་མ་བྱུང་བའི་གནད་དོན་ལ་གྲོས་མོལ་བྱས་པ་མ་ཟད། ད་དུང་དུས་བབ་འགྱུར་བ་འགྲོ་བ་དང་ཆབས་ཅིག ཨུ་བྷེ་དང་ཡོ་རོབ་དང་ཨེ་ཤེ་ཡ་ས་ཁུལ་གྱི་རྒྱལ་ཁབ་གཞན་དག་དབར་གྱི་འབྲེལ་བའི་ཁྲོད་ཀྱི་ཐག་གཅོད་མ་བྱུང་བའི་གནད་དོན་ལ་དབྱེ་ཞིབ་ཀྱང་བྱས་ཡོད། ད་རེས་ཀྱི་གྲོས་མོལ་བརྒྱུད་ཨུ་བྷེ་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་འགྲོ་འོང་དམ་ཟབ་ཏུ་འགྲོ་རྒྱུར་ཕན་པ་ཐོབ་ནས་ཕྱོགས་གཉིས་པོས་ཨུ་བྷེ་གཞི་གཅིག་ཅན་ལས་བྱུང་བའི་ཁྱད་འཕགས་རང་བཞིན་ཚོར་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

འདི་ལོའི་ཟླ་7པར་ཕུའུ་ཅིང་གིས་ཧྲེང་པི་ཏི་པའོ་རུ་འཚོགས་པའི་ཨུ་བྷེའི་ས་གནས་གླེང་སྟེགས་སྐབས་དྲུག་པའི་ཐོག་བྷེ་ཨུ་རུ་སུ་ནི་ཨུ་རུ་སུའི་འཐབ་ཇུས་རོགས་ཟླ་ཉེ་ཤོས་ཤིག་ཡིན། ཕྱོགས་གཉིས་པོས་བདེ་འཇགས་དང་། དམག་དོན། རྒྱལ་སྲུང་། དཔལ་འབྱོར་སོགས་ཕྱོགས་ཁག་ཏུ་མཉམ་ལས་བྱས་པ་ལས་ཨུ་བྷེའི་དཔལ་འབྱོར་ཚོང་དོན་མུ་མཐུད་བརྟན་པོའི་སྒོ་ནས་འཕར་ཡོད་ཅེས་བརྗོད་པ་རེད། ལུའུ་ཁ་ཧྲེན་ཁོ་ཡིས། བྷེ་ཨུ་རྒྱལ་ཁབ་གཉིས་པོར་གཞི་གཅིག་ཅན་གྱི་ཇུས་གཞི་80%ནས་90%བར་ལ་ཐུན་མོང་གི་ངོས་འཛིན་བྱུང་མོད། འོན་ཏེ་ཕྱོགས་གཉིས་པོའི་འབྲེལ་བའི་ཁྲོད་ཀྱི་རྩོད་གཞིའི་གནད་དོན་དུས་བཀག་ནང་ཐག་གཅོད་ཐུབ་མེད་པར་མ་འདོད་པ་བྱུང་ཞེས་བརྗོད་ཅིང་། ཁོང་གིས་འདི་ལོའི་ཟླ་12ཚེས་8ཉིན་གྱི་གོང་དུ་གཞི་གཅིག་ཅན་གྱི་འཐབ་ཇུས་བྱ་སྤྱོད་འཆར་གཞི་འགོད་པ་དང་འབྲེལ་ད་ཡོད་རྩོད་གཞིའི་གནད་དོན་ཐག་གཅོད་བྱ་རྒྱུའི་གྲོས་འགོ་བཏོན་པ་རེད། 


རྩོམ་སྒྲིག་པ།