“ཀྲུང་གོར་ཤེས་ཚོར·མཛེས་སྡུག་ལྡན་པའི་མཚོ་སྔོན”ཞེས་པའི་ འགྲེམས་སྟོན་ཁུ་པའི་ཧ་ཝ་ན་རུ་བྱས་པ།

ཡོང་ཁུངས། སྤེལ་དུས 2019-12-26

“ཀྲུང་གོར་ཤེས་ཚོར·མཛེས་སྡུག་ལྡན་པའི་མཚོ་སྔོན”ཞེས་པའི་ཀྲུང་གོའི་མཚོ་སྔོན་མི་རིགས་རིག་གནས་སྒྱུ་རྩལ་འགྲེམས་སྟོན་ཚེས་23ཉིན་ཁུ་པའི་རྒྱལ་ས་ཧ་ཝ་ན་ཀྲུང་གོའི་གྲོང་གི་ཀྲུང་གོའི་སྒྱུ་རྩལ་དང་སྲོལ་རྒྱུན་ཁང་དུ་འཚོགས་ཤིང་། ས་གནས་དེ་གའི་དམངས་ཚོགས་དང་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་མང་པོ་ཞིག་གིས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་རེད།

ཀྲུང་གུང་མཚོ་སྔོན་ཞིང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གི་ཀྲུའུ་རེན་སུང་ཅང་ཐའོ་ཡིས། ད་ཐེངས་ཀྱི་འགྲེམས་སྟོན་ཅ་ལ་ཏི་ས་ཁུལ་དུ་སྤེལ་བའི་དམིགས་ཡུལ་ནི་ཁུ་པའི་དམངས་ཚོགས་ལ་དངོས་འབྲེལ་དང་། རང་བྱུང་། བརྗིད་ཆགས་བཅས་ཀྱི་མཚོ་སྔོན་མངོན་པར་བྱས་ནས། ཁུ་པའི་མི་དམངས་ཀྱིས་དེ་བས་ལེགས་པའི་སྒོ་ནས་ཀྲུང་གོ་དང་མཚོ་སྔོན་ཤེས་རྟོགས་ཐུབ་པ་བྱས་ཏེ་ཀྲུང་གོ་དང་ཁུ་པའི་དབར་གྱི་སྤེལ་རེས་དང་ཕན་ཚུན་མྱོང་ལེན་དང་དེ་བཞིན་མཛའ་བཤེས་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་པོའི་རིག་གནས་སྒྱུ་རྩལ་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ཞེས་བརྗོད།

ཧ་ཝ་ན་ཞིང་ཆེན་སྲིད་གཞུང་རྒྱལ་སྤྱིའི་འབྲེལ་བ་དང་མཉམ་ལས་སིའི་སི་ཀྲང་ཧྥེ་ལི་ཁེ་སི·མའེ་ཤི་སི་ཡིས། ད་ཐེངས་ཀྱི་འགྲེམས་སྟོན་ལས་ཧ་ཝ་ན་དམངས་ཚོགས་ཚོས་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་སྣ་མང་རིག་གནས་ཉམས་ལེན་ཟབ་མོ་ཐུབ་ཡོད། རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་འདི་རིགས་མང་ཙམ་སྤེལ་ནས་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་དབར་གྱི་ཕན་ཚུན་ཤེས་རྟོགས་ཟབ་ཏུ་འགྲོ་རྒྱུའི་རེ་བ་ཡོད་ཅེས་བརྗོད།


རྩོམ་སྒྲིག་པ།