ཚོགས་རའི་ཕྱི་ནང་།

ཡོང་ཁུངས། སྤེལ་དུས 2019-01-10

工会、妇联界委员向巴彩喜(左二)_view.jpg

ཟླ་1ཚེས་9ཉིན་གྱི་ཕྱི་དྲོ། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པར་ཞུགས་མཁན་ཨུ་ཡོན་གྱིས་རིགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་ཤིང་། འདི་ནི་གུང་གཞོན་སྡེ་ཚོགས་དང་། གཞོན་ནུ་ལྷན་ཚོགས། བཟོ་ཚོགས། བུད་མེད་ལྷན་ཚོགས་བཅས་རིགས་ཁོངས་ཀྱི་ཨུ་ཡོན་བྱམས་པ་ཚེ་སྐྱིད(གཡོན་གྱི་གཉིས་པ)ཀྱིས་གཏམ་བཤད་སྤེལ་བཞིན་ཡོད་པ།

为了更高标准_view.jpg

ཚད་གཞི་དེ་བས་མཐོ་བ་དང་སྤུས་ཚད་དེ་བས་ལེགས་པའི་སྒོ་ནས་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཞབས་ཞུའི་ལས་དོན་ལེགས་པར་སྒྲུབ་ཆེད་ད་རེས་ཀྱི་ཚོགས་འདུ་གཉིས་ཀྱི་ཚོགས་དོན་ཚོགས་ཆུང་གིས་གོང་འོག་མཉམ་འགུལ་ལམ་སྲོལ་བཙུགས་ཏེ་གནད་སྨིན་དོན་འཁྱོལ་ཐུབ་པ་བྱས་ནས་ཚོགས་འདུ་གཉིས་ཀྱི་ལས་དོན་ཁག་གི་འགན་སྲུང་བྱེད་ཐབས་འགན་ལེན་བྱས་པ་རེད། འདི་ནི་ལས་དོན་མི་སྣས་འབྲེལ་ཡོད་ཀྱི་དཔྱད་གཞིའི་ཡིག་ཆར་ཞིབ་བསྡུར་ཡང་ཡང་བྱས་ནས་ཚོགས་འདུ་གཉིས་ཀྱི་གྲ་སྒྲིག་ལས་དོན་ནན་ཏན་ངང་སྒྲུབ་བཞིན་ཡོད་པ།


རྩོམ་སྒྲིག་པ།