མང་ཚོགས་ལ་ཡོང་འབབ་འཕར་རོགས་བྱེད་པའི་ལམ་བུ་ཡག་པོ།

ཡོང་ཁུངས། sangdadmin སྤེལ་དུས 2016-11-01 11:46:58

ef94db7c0cc914ce389fa6.jpg

ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཕོ་ བྲང་ཤང་གི་སྔོ་ཚལ་དྲོད་ཁང་ཆེ་མོའི་རྣམ་གྲངས་ནི་2014ལོའི་ཤང་ཡོངས་ལ་སྐུལ་ འདེད་གཏོང་བའི་དབུལ་སྐྱོར་གསར་སྤེལ་རྣམ་གྲངས་ཁག་དང་པོ་ཡིན་ལ། རྣམ་གྲངས་དེའི་ནང་ནས་བསྡོམས་འབོར་སྒོར་ཁྲི་145(དེའི་ནང་ནས་སྒོར་ཁྲི་ 135ཀྲུང་དབྱང་ནོར་སྲིད་ཀྱིས་བཏང་བ་དང་སྒོར་ཁྲི་10མང་ཚོགས་ཀྱིས་རང་གྲབས་བྱས་ པ)ཟིན་ཡོད། 2015ལོའི་ཟླ་དྲུག་པ་བར་དུ་དྲོད་ཁང་ཆེ་མོ་18བཟོ་སྐྲུན་ལས་འགན་ལེགས་སྒྲུབ་ བྱས་པ་དང་། སྔོ་ཚལ་དྲོད་ཁང་ཆེ་མོའི་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད། དྲོད་ཁང་ཆེ་མོ་རེའི་ལོ་རེའི་ཡོང་འབབ་ཁེ་གཙང་སྒོར་ཁྲི་1.73རེ་དང་ལོ་རེའི་ ཐོན་རྫས་རིན་ཐང་སྒོར་ཁྲི་31.14ཟིན་ནས་། དུད་ཚང་དབུལ་པོ་36གི་མི་གྲངས་116ལ་ཐད་ཀར་འབབ་འཕར་སྐུལ་ཁྲིད་ཐེབས་ནས་ཆ་ སྙོམས་དུད་ཚང་རེར་ཡོང་འབབ་སྒོར་8650རེ་དང་མི་རེར་ཡོང་འབབ་སྒོར་2676རེ་འཕར་ ཅིང་། འདི་ནི་ཉེ་ཆར་སི་ཁྲོན་ནས་ཡོང་བའི་ཞིང་པ་འདེབས་འཛུགས་ལས་མི་དབྱང་དབྱིན་ཧྥིང་ གིས་གྲོང་མིར་སྔོ་ཚལ་འདེབས་འཛུགས་ལག་རྩལ་ཁྲིད་པའི་གནས་ཚུལ་ཡིན་པ།


རྩོམ་སྒྲིག་པ། sangdadmin