བོད་རང་སྐྱོང་ལྗོངས་ཀྱིས་ཐོན་ལས་གླིང(གསར་སྤེལ་ཁུལ)སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ལས་དོན་ལ་ཞིབ་འཇུག་བྱས་པ།

ཡོང་ཁུངས། བསམ་གཏན། སྤེལ་དུས 2018-12-28 16:17:30

ཚེས་24ཉིན། རང་སྐྱོང་ལྗོངས་ཀྱིས་ཆེད་དོན་ཚོགས་འདུ་འཚོགས་ཏེ《གསར་སྤེལ་ཁུལ་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མཛུབ་ཁྲིད་བསམ་འཆར(གྲོས་བསྡུར་མ་ཟིན)》ལ་ཞིབ་འཇུག་བྱས་ཏེ་ལྗོངས་ཡོངས་ཀྱི་ཐོན་ལས་གླིང(གསར་སྤེལ་ཁུལ)གི་འཕེལ་རྒྱས་ལས་དོན་བཀོད་སྒྲིག་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཕེབས་པ་རེད།

ཅང་ཅེས་ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་དང་ཚད་མཐོའི་སྐུལ་འདེད་འོག་རང་ལྗོངས་ཀྱི་ཐོན་ལས་གླིང་འཛུགས་སྐྲུན་མེད་པ་ནས་ཡོད་པའི་བར་དང་ཆུང་བ་ནས་ཆེ་བའི་བར་འཕེལ་རྒྱས་མྱུར་པོ་ཕྱིན་ཏེ་སྒོ་དབྱེའི“མཐོ་ས་གསར་པ”ཟམ་མི་ཆད་པར་བཏོད་པ་དང་། སྒྱུར་བཅོས་ཀྱི“ལམ་རྟགས་གསར་པ”ཟམ་མི་ཆད་པར་འཛུགས་པ། འཕེལ་རྒྱས་ཀྱི“གཤིན་ས་གསར་པ”ཟམ་མི་ཆད་པར་གསར་སྤེལ་བཅས་བྱས་པས་ནུས་པ་འཐུས་སྒོ་ཚང་བ་དང་། ཁྱད་ཆོས་མངོན་གསལ་དོད་པ། གཅིག་སྡུད་འཕེལ་རྒྱས་བཅས་ཀྱི་ཐོན་ལས་གླིང་ཁག་གཅིག་རགས་ཙམ་ཆགས་ནས་དཔལ་འབྱོར་རིན་ཐང་འཕར་མས་བཟོ་ལས་རིན་ཐང་འཕར་མའི་བསྡུར་གྲངས་བཟུང་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་དང་ཐོན་ལས་གླིང་གི་དཔལ་འབྱོར་དེ་རང་ལྗོངས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་བའི་སྒུལ་བྱེད་འཕྲུལ་འཁོར་གསར་པ་ཞིག་ཏུ་རིམ་བཞིན་གྱུར་ཡོད་ཅེས་གསུངས་པ་རེད།

ཅང་ཅེས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཐོན་ལས་གླིང(གསར་སྤེལ་ཁུལ)གི་འཕེལ་རྒྱས་ཐད་ཀྱི་ངོས་འཛིན་སྔར་བས་ཟབ་ཏུ་གཏོང་བ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལ་ནན་པོ་གཞིགས་ནས། སྒྲིག་འཛུགས་ཞིབ་ཚགས་དང་ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ཏེ་ཐོན་ལས་གླིང་གི་དཔལ་འབྱོར་དེ་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་སྣོད་བཅུད་མ་ལག་འཛུགས་པ། སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་བ་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ལ་བརྩི་དགོས། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཐོན་ལས་སྲིད་ཇུས་ཀྱི་བླང་བྱར་ནན་པོ་གཞིགས་ཏེ་སྤྱི་འདོམས་མཐུན་སྦྱོར་དང་། བཀོད་སྒྲིག་ལུགས་མཐུན། འཆར་འགོད་ལ་དམ་འཛིན་ཡག་པོ་བཅས་བྱས་ནས་ཐབས་སྒྱུར་འཕེལ་རྒྱས་དང་། ནུས་པ་གསབ་རེས། ཁྱད་ཆོས་འབུར་དུ་ཐོན་པ་བཅས་ཀྱི་འཕེལ་རྒྱས་ཀྱི་བཀོད་པ་ཆགས་པ་བྱེད་དགོས། ཡུལ་བབ་དང་བསྟུན་ཏེ་ཐོན་ཁུངས་ཀྱི་ལེགས་ཆ་དང་། ས་བབ་ཀྱི་ལེགས་ཆ། ཐོན་ལས་རྨང་གཞི་བཅས་ལ་བསམ་གཞིག་གང་ལེགས་བྱས་ནས་ཐོན་ལས་གླིང(གསར་སྤེལ་ཁུལ)ལས་ཕྱོད་ཆེ་བ་དང་། ཕན་འབྲས་ཆེ་བ། ནུས་པ་ཆེ་བ་བཅས་ཀྱི་འཕེལ་རྒྱས་འགྲོ་ཐུབ་པ་བྱེད་དགོས། ནོར་ཁྲལ་རྒྱབ་སྐྱོར་སྲིད་ཇུས་སྔར་བས་དོན་འཁྱོལ་བྱེད་པ་དང“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ“དྲ་སྦྲེལ+སྲིད་དོན་ཞབས་ཞུ”ཟུང་འབྲེལ་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཐོན་ལས་གླིང་འཕེལ་རྒྱས་འགྲོ་བར་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། ཐོན་ལས་གླིང་གི་དཔྱད་ཞིབ་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་བོད་ཀྱི་ཐོན་ལས་གླིང་གི་འཕེལ་རྒྱས་དོ་དམ་དང་མཐུན་པའི་ཐབས་ལམ་གསར་པ་ཞིག་འཚོལ་ཞིབ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

ཚོགས་འདུའི་ཐོག་གྲོང་ཁྱེར་དང་ས་ཁུལ་ཁག་དང་། འབྲེལ་ཡོད་སྡེ་ཚན་ཁག ཐོན་ལས་གླིང(གསར་སྤེལ་ཁུལ)གི་འགན་འཁུར་བློ་མཐུན་ཁག་གཅིག་གིས་སྤེལ་རེས་གཏམ་བཤད་བྱས་པ་རེད། 


རྩོམ་སྒྲིག་པ། བསམ་གཏན།