རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས།

བོད་ཟས་དང་སི་ཁྲོན་ཚལ་རིགས་ཀྱི་ཁྱིམ་འཛིན་ཞབས་འདེགས་གསོ་སྦྱོང་བྱས་པ།

ཡོང་ཁུངས། སྤེལ་དུས 2019-05-28

ཚེས་22ནས་24ཉིན་བར། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བོད་ཟས་དང་སི་ཁྲོན་ཚལ་རིགས་ཀྱི་ཨ་ཅག་ཁྱིམ་འཛིན་ཞབས་འདེགས་གསོ་སྦྱོང་སྒྲིག་འཛུགས་བྱས་ནས་སྤེལ་ཏེ་སྡེ་ཁུལ་གྱི་བུད་མེད་ཚོར་སྤྱོད་གོ་ཆེ་བའི་རྩལ་ནུས་སློབ་སྦྱོང་ལ་རོགས་རམ་གྱིས་སོ་སོའི་འབད་བརྩོན་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པར་བྱས་ཡོད།

རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་གསོ་སྦྱོང་ལྟེ་གནས་ཀྱི་ཀྲུའུ་རེན་སྤེན་པ་བདེ་སྐྱིད་ཀྱིས་གསར་འགོད་པར་ངོ་སྤྲོད་བྱས་དོན། ད་ཐེངས་ཀྱི་བྱེད་སྒོར་ཆེད་ལས་བོད་ཟས་དང་སི་ཁྲོན་ཚལ་རིགས་ཀྱི་མ་བྱན་དགེ་རྒན་གདན་དྲངས་ཏེ་རྨེ་རུ་དང་། ཀླུ་སྒུག དཔལ་གླིང་། བསྟན་རྒྱས་གླིང་། རབ་གསལ། བར་སྐོར། ཤ་གསར་ཟུར། སྐྱིད་རས། ཐལ་སྤུངས་སྒང་བཅས་སྡེ་ཁུལ་9ཡི་སློབ་མ་20ལ་སློབ་ཁྲིད་བྱས་ཤིང་། སློབ་ཚན་ལ་བོད་ཟས་བཟོ་སྟངས་ཀྱི་གཞི་རྩའི་བརྒྱུད་རིམ་དང་རྩལ་ནུས། ཇ་ཁང་དང་བོད་ཟས་ཁང་ཆུང་གྲས་སོགས་གཉེར་སྐྱོང་བྱེད་སྟངས། སི་ཁྲོན་ཚལ་རིགས་རྩེ་གྲ་བཟོ་སྟངས། བོད་ཐུག་བཟོ་སྟངས། དེ་བཞིན་མ་བཅོས་རྒྱུ་ཆ་སོས་པ་དང་ལས་སྣོན་རང་བཞིན་གྱི་མ་བཅོས་རྒྱུ་ཆ་ལས་སྣོན་བྱེད་སྟངས་སོགས་ཚུད་ཡོད་པ་རེད།

རྩོམ་སྒྲིག་པ།