ལྗོངས་མི་དམངས་སྨན་ཁང་གིས་དངུལ་ཁང་དང་སྨན་བཅོས་སྒྲིག་གཞི་ཕན་ཚུན་མཉམ་ལས་བྱེད་པའི་རྣམ་གྲངས་དངོས་སུ་སྤྱོད་འགོ་ཚུགས་པ།

ཡོང་ཁུངས། སྤེལ་དུས 2019-05-28

ཞབས་ཞུའི་ཨང་གྲངས་ལས་སྟེགས་ཀྱི་སྔོན་མངགས་ཐོ་འགོད་དང་། གློག་རྡུལ་གྱི་སྟབས་བདེའི་གཏོང་སྤྲོད་ལ་རྒྱབ་སྐྱོར། ནུས་པ་མང་བའི་རང་འགུལ་འཕྲུལ་ཆས་ཐོག་སྟབས་བདེའི་ངང་གཱ་གཉེར་བ་སོགས་ཚེས་26ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་དངུལ་ཁང་དང་སྨན་བཅོས་སྒྲིག་གཞི་ཕན་ཚུན་མཉམ་ལས་བྱེད་པའི་རྣམ་གྲངས་དངོས་སུ་སྤྱོད་འགོ་ཚུགས་པ་དེ་ཐོག་ནས་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཆེ་ཤོས་ཡིན་པའི་ཕྱོགས་བསྡུས་རང་བཞིན་གྱི་རིམ་གསུམ་ཀ་པ་རིམ་པའི་གཞུང་བཙུགས་སྨན་ཁང་དུ་རང་འགུལ་ཐོ་འགོད་གྲོན་སྐྱེལ་དང་། སྐད་འཕྲིན་ཨང་རྟགས་ཀྱི་སྟབས་བདེའི་ཞབས་ཞུ། ཐབས་ལམ་མང་བའི་གཏོང་སྤྲོད་བཅས་མངོན་འགྱུར་བྱུང་བ་དང་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར“དྲ་སྦྲེལ+སྨན་བཅོས”ལས་བྱུང་བའི་སྨན་བཅོས་ཀྱི་སྟབས་བདེ་ལོངས་སུ་སྤྱོད་རྒྱུ་བྱུང་བ་མཚོན་ཡོད། 

གསར་འགོད་པར་འགོ་ཚུགས་མཛད་སྒོ་ནས་ཤེས་རྟོགས་བྱུང་གསལ། དངུལ་ཁང་དང་སྨན་བཅོས་སྒྲིག་གཞི་ཕན་ཚུན་མཉམ་ལས་བྱེད་པའི་རྣམ་གྲངས་དེ་ཚོགས་སྒྲིག་རྣམ་པའི་སྨན་བཅོས་རུ་ཁག་གི་སྤྱི་ཁྱབ་སྣེ་ཁྲིད་པ་དང་། པེ་ཅིང་ཞེ་ཧོ་སྨན་ཁང་གི་ཡོན་ཀྲང་གཞོན་པ། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཡོན་ཀྲང་བཅས་ཡིན་པའི་ཝུའུ་དབུན་མིང་གིས་སྨན་ཁང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་བཏོན་པ་ཞིག་དང་། མཉམ་དུ་ཐབས་ཇུས་དང་། ཚན་རིག་དང་མཐུན་པའི་ངང་རིགས་པས་ཁུངས་སྐྱེལ། 

ལག་བསྟར་ཞིབ་ཚགས་བཅས་བྱས་པ་བརྒྱུད་ཚེས་26ཉིན་དངོས་སུ་དྲ་བར་ཞུགས་ཡོད། ཟླ་4ཚེས་19ཉིན་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་སྐར་ཁུང་ནས་གློག་རྡུལ་གྱི་གཏོང་སྤྲོད་ཚོད་ལྟ་བྱས་པ་དང་ད་ཆ་སྐར་ཁུང་ཚང་མར་གློག་རྡུལ་གཏོང་སྤྲོད་བྱེད་ཆོག་གི་ཡོད། སྒོ་བསྟེན་སྨན་བཅོས་ཐོག་ཁང་། དོས་དྲག་ཐོག་ཁང་། སྨན་བཅོས་ལག་རྩལ་ཐོག་ཁང་བཅས་སུ་རང་འགུལ་ཐོ་འགོད་གྲོན་སྐྱེལ་གྱི་གཞི་གཅིག་ཅན་འཕྲུལ་འཁོར་32བཀོད་སྒྲིག་བྱས་པ་མ་ཟད། ད་དུང་རང་འགུལ་འཕྲུལ་འཁོར་12ནད་ཁང་དུ་བཀོད་སྒྲིག་བྱེད་རྩིས་ཡོད་པ་དང་རང་འགུལ་འཕྲུལ་འཁོར་2ཆ་འཕྲིན་ཁྲུའི་ཚད་ལེན་ཚོད་ལྟ་ཁང་དུ་བཀོད་སྒྲིག་བྱེད་རྩིས་ཡོད་པས་རང་འགུལ་འཕྲུལ་འཁོར་ཁྱོན་46གིས་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་རེད། དེར་རང་འགུལ་ངང་གཱ་གཉེར་བ་དང་། ཐོ་འགོད། གྲོན་སྐྱེལ། སྨན་བཅོས་ཐོ་འགོད། རྫས་བཤེར་ཐོ་ཡིག་པར་འདེབས། ཟོག་གོང་། སྨན་གོང་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ལ་ལྟ་བ་དང་། རྗེས་སུ་སྤྱོད་པའི་114ཁ་པར་གྱི་སྔོན་མངགས་ཐོ་འགོད་ཨང་ལེན་དང་། སྨན་ཁང་དུ་སྡོད་པའི་གཏའ་དངུལ་སྐྱེལ་བ། ཕྱོགས་བསྡུས་ཞབས་ཞུའི་གདེང་འཇོག་བཅས་ཀྱི་ནུས་པ་ལྡན་པ་དང་རྣམ་གྲངས་ཀྱི་རྒྱང་ཁྲིད་ནུས་པར་རིག་ནུས་ནད་དབྱེའི་ཨང་འབོད་དང་བརྙན་དཔར་བརྟག་དཔྱད་བྱས་འབྲས་རང་འགུལ་ངང་པར་རྒྱག་ཐུབ་རྒྱུ་རེད། 

ཟླ་5ཚེས་24ཉིན་རྣམ་གྲངས་དེ་ཚོད་ལྟའི་དུས་མཚམས་སུ་སླེབས་པ་དང་སྟོད་ལུང་བདེ་ཆེན་ཆུས་ཀྱི་མཚམས་གཅོད་ཀྱིས“བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་དམངས་ཕན་ཞབས་ཞུའི་ལས་སྟེགས”ལ་དོ་ཁུར་བྱས་པ་བརྒྱུད་ལག་ཐོགས་ཁ་པར་ནས་སྔོན་མངགས་ཐོ་འགོད་བྱས་པས་བློ་ལ་བབས་པའི་རིགས་གཅིག་མཁས་ཅན་གྱི་ཨང་གྲངས་རག་བྱུང་ཞེས་བཤད། ཁོང་གིས“ཞོགས་པ་སྔ་པོ་ནས་ལངས་ཏེ་བང་སྒྲིག་པའི་དུས་ཚོད་གྲོན་ཆུང་ཐུབ་ནས་ནང་མིར་རིགས་གཅིག་མཁས་ཅན་གྱི་ཨང་གྲངས་སྔོན་མངགས་ཐུབ་བྱུང་། དེ་དངོས་འབྲེལ་ཧ་ཅང་སྟབས་བདེ་པོ་འདུག”ཅེས་བཤད། 

རྩོམ་སྒྲིག་པ།