དཔའ་ཤོད་རྫོང་གིས་ཁོར་ཡུག་སྲུང་སྐྱོབ་བྱེད་ཤུཌ་ཆེ་རུ་བཏང་ནས་སྐྱེ་ཁམས་ཁོར་ཡུག་ལེགས་པ་དང་དཔལ་འབྱོར་སྤྱི་ཚོཌ་གོང་འཕེལ་ཡོང་བ་བྱས་པ།

ཡོང་ཁུངས། བསམ་གཏན། སྤེལ་དུས 2016-11-01 12:01:19

 ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་གིས་སྐྱེ་ཁམས་རྫོང་གཏོད་པའི་འཐབ་ཇུས་བསམ་ཕྱོགས་ལ་ཤུགས་སྣོན་རྒྱག་པ་དང་།  ཁོར་ཡུག་སྲུང་སྐྱོབ་བྱེད་པའི་གཙོ་གནད་དང་དཀའ་གནད་གནད་དོན་འཚོལ་ཞིབ་ཡང་དག་བྱེད་པ།  དབྱར་རྩྭ་དགུན་འབུ་བསྔོག་འཐུ་བྱེད་གནས་དང་གཞུང་ལམ་རྒྱུད།  ཡུལ་སྐོར་མཛེས་ལྗོངས་ཁུལ་བཅས་གཙོ་གནད་དུ་བྱས་ནས་ཁོར་ཡུག་སྲུང་སྐྱོབ་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་བ་བཅས་བྱས་པར་བརྟེན།  སྐྱེ་ཁམས་ཁོར་ཡུག་ལེགས་པོ་དང་དཔལ་འབྱོར་རྒྱུན་སྲིང་གོང་འཕེལ།  སྤྱི་ཚོགས་སྐྱོན་བྲལ་གོང་འཕེལ་ཐུབ་པ་བཅས་བྱུང་བ་མ་ཟད།  སྤྱི་ལོ ༢༠༡༥ ལོའི་ལྗོངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས་དོན་དཔྱད་ཞིབ་ནང་རྫོང་དེ་ཉིད་ཕུལ་བྱུང་ལ་ཡང་བདམས་ཡོད་པ་རེད།།


རྩོམ་སྒྲིག་པ། བསམ་གཏན།