ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་སྒོ་ཁྲལ་ཇེ་མཐོར་བཏང་བ་ཡིས་གནད་དོན་གང་ཡང་ཐག་ གཅོད་བྱེད་མི་ཐུབ་ཅེས་བརྗོད།

ཡོང་ཁུངས། སྤེལ་དུས 2019-05-09

     མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་7ཉིན། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་ལ་དམིགས་ནས། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་ནས་དྲི་བར་ལན་འདེབས་དུས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བར་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་ནི་གྲོས་མཐུན་ཡོང་བའི་སྔོན་འགྲོ་དང་རྨང་གཞི་ཡིན་པ་ངོས་འཛིན་བཞིན་ཡོད་ཅིང་། སྒོ་ཁྲལ་ཇེ་མཐོར་བཏང་བ་ཡིས་གནད་དོན་གང་ཡང་ཐག་གཅོད་མི་ཐུབ་ཅེས་དང་། གྲོས་མོལ་ནི་མ་གཞི་ནས་གྲོས་བསྡུར་བྱེད་པའི་གོ་རིམ་ཞིག་ཡིན་པས། ཕྱོགས་གཉིས་བར་མི་མཐུན་པ་བྱུང་བ་ནི་རྒྱུན་ལྡན་ཡིན་པ་དང་། ཀྲུང་གོས་འགལ་བར་ཟུར་གཡོལ་མི་བྱེད་ཅིང་། མུ་མཐུད་དུ་ལྷག་བསམ་རྣམ་དག་གིས་གྲོས་མོལ་བྱ་རྒྱུ་ཡིན་ཚུལ་བསྟན།

རྩོམ་སྒྲིག་པ།