2019ལོའི་རྒྱལ་ཁབ་ཀྱི་གཅིག་གྱུར་བཅའ་ཁྲིམས་ལས་རིགས་ཐོབ་ཐང་ཡིག་རྒྱུཌ་ཀྱི་མིང་ཐོ་ཟླ་6ཚེས་5ཉིན་ནས་འགོད་རྒྱུ་ཡིན་པ།

ཡོང་ཁུངས། སྤེལ་དུས 2019-05-28

● འདེམས་སྒྲུག་བརྡར་གཅོད་འདྲི་གཞིའི་ཡིག་རྒྱུགས་ཀྱི་དྲ་ཐོག་མིང་ཐོ་འགོད་པའི་དུས་ཚོད་ཟླ་6ཚེས་5ནས་ཚེས་20ཉིན་བར་ཡིན་པ། 

● ཡིག་རྒྱུགས་གཏོང་བའི་དུས་ཚོད་ཟླ་8ཚེས་31དང་ཟླ་9ཚེས་1ཉིན་ཡིན་པ། 

● རང་ངོས་ནས་ལན་འདེབས་པའི་འདྲི་གཞིའི་ཡིག་རྒྱུགས་ཀྱི་དྲ་ཐོག་མིང་ཐོ་འགོད་པའི་དུས་ཚོད་ནི་ཟླ་9ཚེས་7ནས་ཚེས་11ཉིན་བར་གཏན་འཁེལ་བྱས་པ།

● ཡིག་རྒྱུགས་གཏོང་བའི་དུས་ཚོད་ནི་ཟླ་10ཚེས་13ཉིན་ཡིན་པ། 

ཁྲིམས་འཛིན་པུའུ་ཡིས་ཉེ་ཆར་2019ལོའི་རྒྱལ་ཁབ་ཀྱི་གཅིག་གྱུར་བཅའ་ཁྲིམས་ལས་རིགས་ཐོབ་ཐང་ཡིག་རྒྱུགས་ཀྱི་སྤྱི་བསྒྲགས་ཡོངས་བསྒྲགས་བྱས་པ་དང་། འདེམས་སྒྲུག་བརྡར་གཅོད་འདྲི་གཞིའི་ཡིག་རྒྱུགས་ཀྱི་དྲ་ཐོག་མིང་ཐོ་འགོད་པའི་དུས་ཚོད་ཟླ་6ཚེས་5ནས་20ཉིན་བར་ཡིན་པ་དང་། ཡིག་རྒྱུགས་གཏོང་བའི་དུས་ཚོད་ཟླ་8ཚེས་31དང་ཟླ་9ཚེས་1ཉིན་ཡིན་པ་དང་། རང་ངོས་ནས་ལན་འདེབས་པའི་འདྲི་གཞིའི་ཡིག་རྒྱུགས་ཀྱི་དྲ་ཐོག་མིང་ཐོ་འགོད་པའི་དུས་ཚོད་ནི་ཟླ་9ཚེས་7ནས་ཚེས་11ཉིན་བར་གཏན་འཁེལ་བྱས་པ་དང་ཡིག་རྒྱུགས་གཏོང་བའི་དུས་ཚོད་ནི་ཟླ་10ཚེས་13ཉིན་ཡིན་པ་རེད།

སྤྱི་བསྒྲགས་ནང་གསལ་པོ་བསྟན་དོན། 2019ལོའི་བཅའ་ཁྲིམས་ལས་རིགས་ཐོབ་ཐང་གི་ཡིག་རྒྱུགས་ཐོ་འགོད་ཀྱི་ཆ་རྐྱེན་དང་ཡིག་རྒྱུགས་ཀྱི་བྱ་ཐབས་དང་འབྲེལ་ཡོད་སྲིད་ཇུས་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་། མུ་མཐུད་དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག་ས་ཁུལ་དང་གྲངས་ཉུང་མི་རིགས་ས་ཁུལ་ལ་ལྷུག་གཏོང་སྲིད་ཇུས་ལག་བསྟར་བྱ་རྒྱུ་དང་། མཐོ་སློབ་དཀྱུས་མ་དང་། དམག་དཔུང་སློབ་གླིང་གི་2020ལོའི་ཉིན་གང་ལམ་ལུགས་ཀྱི་ལོ་འདི་གའི་དངོས་གཞིའི་ཚན་ཁག་གི་སློབ་ཐོན་སློབ་མ་དང་སློབ་རྒྱུས་གཅིག་མཚུངས་ངང་རྒྱུགས་ལེན་མིང་ཐོ་འགོད་པའི་ལོ་འདི་གའི་རབ་འབྱམས་སློབ་ཐོན་སློབ་མ་ཐོ་འགོད་ཆོག་གི་ཡོད། ཡིག་རྒྱུགས་གཏོང་མཁན་གྱིས་སོག་ཡིག་དང་། བོད་ཡིག ཡུ་གུར་རིགས་ཀྱི་ཡི་གེ ཧ་སག་རིགས་ཀྱི་ཡི་གེ ཁྲའོ་ཞན་གྱི་ཡི་གེ་བཅས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རིགས་ལྔ་ནས་བདམས་ཏེ་ཡིག་རྒྱུགས་ནང་ཞུགས་ཆོག་གི་ཡོད་པ་རེད།

འདེམས་སྒྲུག་བརྡར་གཅོད་འདྲི་གཞིའི་ཡིག་རྒྱུགས་ཁག་ཐེངས་གཉིས་ལ་དབྱེ་ནས་ཁག་ཐེངས་དང་པོའི་ཡིག་རྒྱུགས་གཏོང་བའི་དུས་ཚོད་ནི་ཟླ་8ཚེས་31ཉིན་དང་། ཁག་ཐེངས་གཉིས་པའི་ཡིག་རྒྱུགས་གཏོང་བའི་དུས་ཚོད་ནི་ཟླ་9ཚེས་1ཉིན་ཡིན་པ་རེད། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་རྒྱུགས་ཁུལ་གྱི་རྒྱུགས་སྤྲོད་མི་གྲངས་སོགས་ལ་བརྟེན་ནས་ཡིག་རྒྱུགས་གཏོང་མཁན་གྱི་ཡིག་རྒྱུགས་ཁག་ཐེངས་སྐབས་བསྟུན་གཏན་འཁེལ་བྱེད་པ་དང་ཡིག་རྒྱུགས་གཏོང་མཁན་མི་རེ་ངོ་རེས་དེའི་ནང་གི་ཁག་ཐེངས་གཅིག་གི་ཡིག་རྒྱུགས་ནང་ཞུགས་དགོས་ཀྱི་ཡོད་པ་རེད། 

རྩོམ་སྒྲིག་པ།