ཕུགས་འདུན་བཅངས་ནས་མདུན་དུ་སྐྱོད། འབད་འཐབ་བྱས་ཏེ་གྲུབ་འབྲས་གཏོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པའི་སྐོར།

ཡོང་ཁུངས། སྤེལ་དུས 2019-03-13

601825_yis_1552367488609_s.jpg

ཟླ་3ཚེས་10ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་ཞིང་། འདི་ནི་དབང་དབྱང་གིས་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་བྱམས་བརྩེའི་བཀའ་མོལ་གནང་བཞིན་པ།

601826_yis_1552367489483_s.jpg

འདི་ནི་ཟླ་3ཚེས་10ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བཞིན་པ།

■ ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1400ལས་བརྒལ་ཏེ10%ཙམ་འཕར་ཡོད། 

■ གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་13%འཕར་བ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་10%ཡན་འཕར་ཡོད། 

■ རྫོང(ཆུས)25དབུལ་ཞྭ་འབུད་པའི་ཚད་གཞིར་སླེབས་པ་དང་། གྲོང་ཚོ(གྲོང་ལྷན)2100དང་མི་ཁྲི་18དབུལ་སྒྲོལ་གྱི་ཚད་གཞིར་སླེབས་ཡོད། 

■ མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་90%ཡན་ཟིན་ཡོད། 

ཟླ་3ཚེས་10ཉིན་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་དམངས་ལ་གནང་བའི་བྱམས་བརྩེའི་ཐུགས་ཁུར་བསྣམས་ནས་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཏེ་འཐུས་མི་ཚོ་དང་མཉམ་དུ་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་གྲོས་བསྡུར་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གླེང་པ་རེད། 

ཀྲུའུ་ཞི་དབང་དབྱང་བོད་ཀྱི་འཐུས་མི་ཚོགས་པར་ཕེབས་མཁན་ཡིན་པ་ཤེས་རྗེས། བོད་ཀྱི་འཐུས་མི་ཚོའི་དགའ་སྤྲོའི་སེམས་པ་མནན་ཐབས་བྲལ། གྲངས་ཉུང་མི་རིགས་ཀྱི་འཐུས་མི་ཚོས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ནས་གཏམ་བཤད་བྱ་རྒྱུ་གྲ་སྒྲིག་བྱེད་བཞིན་མཆིས། 

སྔ་དྲོའི་ཆུ་ཚོད་དགུ་པར་དབང་དབྱང་མི་དམངས་ཚོགས་ཁང་ཆེ་མོའི་བོད་ལྗོངས་ཚོམས་ཆེན་དུ་ཕེབས་ནས་ཚང་མར“བཀྲ་ཤིས་བདེ་ལེགས”ཞེས་ཞུས་གནང་བ་དང་བོད་རིགས་ཀྱི་འཐུས་མི་སྒྲོལ་དཀར་དང་མོན་པ་རིགས་ཀྱི་འཐུས་མི་སྐལ་བཟང་བདེ་སྐྱིད་ཀྱིས་ཁོང་ལ་དཀར་གཙང་མཇལ་དར་བསྒྲོན་པ་རེད། 

དབང་དབྱང་གིས་ཁོང་ཚོར་ཕྱག་བཏང་ནས་བྱམས་བརྩེའི་ངང་སྒྲོལ་དཀར་ལ་གཟིགས་ནས“ངས་ཁྱེད་རང་ངོ་ཤེས་ཀྱི་ཡོད། བརྙན་འཕྲིན་ནང་ནས་ཐེངས་མང་མཐོང་མྱོང་ཡོད”ཅེས་གསུངས། 

ཚོགས་ར་ཡོངས་སུ་དགའ་སྤྲོའི་རྣམ་པས་ཁེངས་པའི་དུས་དེར་གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་གི་སེམས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་དམ་པོར་སྦྲེལ། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་དབང་དབྱང་གིས་འཐུས་མི་ཚོགས་པའི་འཐུས་མི་ཚོར་ཕྱག་བཏང་ནས་འཚམས་འདྲི་ཞུ་སྐབས་འཐུས་མི་ཚོ་སེམས་འགུལ་དཔག་མེད་སྐྱེས། 

དེ་རྗེས་འཐུས་མི་ཚོགས་པས་གྲོས་ཞིབ་གནང་འགོ་ཚུགས་ཤིང་། འཐུས་མི་ཕུར་བུ་དོན་གྲུབ་དང་། སྐལ་བཟང་སྒྲོལ་དཀར། ཕུན་ཚོགས། བཀྲ་ཤིས་རྒྱལ་མཚན། སྒྲོལ་དཀར། སྒོར་སྒོར། སྐལ་བཟང་བདེ་སྐྱིད། ཚེ་རིང་མཚོ་བརྟན་བཅས་ཀྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན། ཕྱི་རྒྱལ་ཚོང་པའི་མ་འཇོག་བཅའ་ཁྲིམས་ཀྱི་འཆར་ཟིན་བཅས་ལ་གྲོས་ཞིབ་གནང་བ་དང་རང་ཉིད་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ནས་གཏམ་བཤད་ཀྱང་སྤེལ་བ་རེད། 

མངོན་གསལ་དོད་པའི་བཀྲག་མདངས་འཚེར་གཞི་རེ་རེ་དང་། མི་རྣམས་སྤོབས་པ་སྐྱེ་འོས་པའི་གྲངས་གཞི་རེ་རེའི་ནང་བོད་ཀྱིས་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་། མཐའ་བརྟན་མཐའ་སྲུང་། སྣོད་བཅུད་སྲུང་སྐྱོང་། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བཅས་ཀྱི་ཐད་སྤོས་པའི་གོམ་སྟབས་བརྟན་པོ་དག་བཀོད་ཡོད། 

ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1400ལས་བརྒལ་ཏེ10%ཙམ་འཕར་ཡོད། 

གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་13%ཙམ་འཕར་བ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་10%ཡན་འཕར་ཡོད། 

རྫོང(ཆུས)25དབུལ་ཞྭ་འབུད་པའི་ཚད་གཞིར་སླེབས་པ་དང་། གྲོང་ཚོ(གྲོང་ལྷན)2100དང་མི་ཁྲི་18དབུལ་སྒྲོལ་གྱི་ཚད་གཞིར་སླེབས་ཡོད། 

མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་རྒྱུན་འཁྱོངས་ཐུབ་པ་དང་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་99%ཡན་ཟིན་ཡོད། 

གཡུར་ཟའི་གྲུབ་འབྲས་དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལས་བྱུང་བ་ཞིག་རེད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གི་བཀའ་དྲིན་དྲན་པ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བཞིན་ཡོད། 

དབང་དབྱང་གིས་འཐུས་མི་ཚོས་བརྗོད་པའི་གཡུར་ཟའི་གྲུབ་འབྲས་གསན་བཞིན་སྐབས་འགར་བསྔགས་བརྗོད་དང་། སྐབས་འགར་གཙོ་གནད་ཟིན་བྲིས་བསྐྱོན་པ། སྐབས་འགར་གཏམ་བཤད་གནང་ནས་ཚང་མ་དང་མཉམ་དུ་གྲོས་བསྡུར་སྤེལ་རེས་གནང་བ་རེད། 

དབང་དབྱང་གིས་ད་དུང་འཐུས་མི་ཚོར་མངའ་རིས་ས་ཁུལ་གྱི་གློག་ཤུགས་གློག་དྲ་འཛུགས་སྐྲུན་གྱི་གནས་ཚུལ་དང་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་སོགས་ཀྱི་ལས་དོན་བཀའ་འདྲི་གནང་ནས་བོད་ལ་མཐུན་སྦྱོར་འབྲེལ་བ་དང་གློག་དྲ་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུར་རོགས་རམ་བྱ་རྒྱུ་ཡིན་ཞེས་གསུངས་པ་མ་ཟད། དབུལ་སྒྲོལ་འགག་སྒྲོལ་ཐད“དངོས་ཐོག་བདེན་འཚོལ་བྱེད་དགོས་ལ་མཐའ་དག་དོན་དངོས་ལ་བསྟུན་དགོས”ཞེས་ནན་བཤད་གནང་བ་རེད། 

བྱམས་བརྩེའི་ཐུགས་ཁུར་དང་དྲོ་སྐྱིད་ལྡན་པའི་བཀའ་མོལ་དེ་དག་ཐོས་སྐབས་འཐུས་མི་ཚོ་དགའ་སྤྲོ་དཔག་མེད་བྱུང་བ་མ་ཟད། སེམས་སྒུལ་དང་ལྕག་སྐུལ་ཚད་མེད་ཐེབས། 

གཏམ་བཤད་ནན་ཏན་ངང་གསན་པ་དང་གནས་ཚུལ་མཁྱེན་རྟོགས་གནང་རྗེས། དབང་དབྱང་གིས་གསུང་བཤད་གནང་བ་དང་འབྲེལ་བོད་ལ་བླང་བྱ་ཁ་གསལ་བཏོན་གནང་བ་རེད། 

“སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་གི་རྣམ་པ་བཟང་པོ་སྔར་བས་བརྟན་དུ་གཏོང་དགོས”“དགོན་སྡེ་དོ་དམ་གྱི་ནུས་པ་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་དགོས”“དབུལ་སྒྲོལ་འགག་སྒྲོལ་གྱི་སྤུས་ཚད་སྔར་བས་མཐོ་རུ་གཏོང་དགོས”ཞེས་གསུངས། 

བརྩེ་སེམས་ཀྱིས་ཕྱུག་པའི་བཀའ་མོལ་དེ་དག་ལས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཐུགས་ཁུར་གནང་ལུགས་དང་བོད་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་བཅོལ་བའི་མངགས་བཅོལ་ཟབ་མོ་གང་ལེགས་མཚོན་ཡོད། 


རྩོམ་སྒྲིག་པ།