དབྱི་སི་རལ་ནས་འཛམ་གླིང་གི་ཚྭ་ཁུང་རིང་ཤོས་རྙེད་པ།

ཡོང་ཁུངས། སྤེལ་དུས 2019-04-28

615459_yis_1556000742188.jpg

དབྱི་སི་རལ་གྱི་བྲག་ཕུག་ཞིབ་མཇུག་རིགས་གཅིག་མཁས་ཅན་གྱིས་ཉེ་ཆར་ཡོངས་བསྒྲགས་བྱས་པར། ཁོ་ཚོ་དང་རྒྱལ་ཁབ་གཞན་གྱི་བྲག་ཕུག་འཚོལ་ཞིབ་པས་མཉམ་ལས་རྟོག་ཞིབ་བྱས་པ་བརྒྱུད་ཤི་མཚོའི་ས་ཁུལ་དུ་གནས་པའི་དབྱི་སི་རལ་མའེ་ལེ་ཧའེ་མུའི་བྲག་ཕུག་ལ་རིང་ཚད་སྤྱི་ལེ་10ཡོད་པ་དེ་ནི་འཛམ་གླིང་གི་ཚྭ་ཁུང་རིང་ཤོས་དེ་ཡིན་པ་ཤེས་རྟོགས་བྱུང་ཡོད། ཚྭ་ཁུང་དེ་ཐོག་མར་དབྱི་སི་རལ་གྱི་ཤིས་པོ་ལའེ་སློབ་ཆེན་གྱི་བྲག་ཕུག་ཞིབ་མཇུག་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་གྱིས་དུས་རབས་གོང་མའི་ལོ་རབས་80པར་སྤྱི་ལེ་11མུ་འབྲེལ་བའི་སའེ་ཏོ་མོ་རི་ཁུལ་ནས་རྙེད་པ་ཞིག་ཡིན་ཞིང་། འདི་ནི་ཤི་མཚོའི་ལྷོ་རྒྱུད་དུ་གནས་པའི་དབྱི་སི་རལ་གྱི་མའེ་ལེ་ཧའེ་མུའི་ཚྭ་ཁུང་དུ་དབྱི་སི་རལ་བྲག་ཕུག་འཚོལ་ཞིབ་ཚོགས་པའི་གཡོད་ཨ་ཧྥུ·ནའེ་ཀའེ་ཧྥུ(གཡོན)ཡིས་ཚྭ་ཁུང་གི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།


རྩོམ་སྒྲིག་པ།