ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱིས།

ནག་ཆུ་དང་མངའ་རིས་ལ་བྱ་སྤུའི་གྱོན་གོས་4000ཞལ་འདེབས་བརྒྱབ་པ།

ཡོང་ཁུངས། སྤེལ་དུས 2019-01-28

ཚེས་22ཉིན་གྱི་སྔ་དྲོ། ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱིས“དགེ་སྒྲུབ་བརྩེ་བས་ཁྱིམ་ཚང་ཁྲི་སྟོང་ལ་དྲོ་སྐྱིད་སྦྱིན”ཞེས་པའི་བྱེད་སྒོ་གཉེར་བ་དང་། པོ་སི་ཏེང་ཚོགས་པས་ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་བརྒྱུད་བོད་ལྗོངས་འཕེལ་རྒྱས་ཐེབས་རྩར་རོགས་སྐྱོར་བྱས་ནས་བྱ་སྤུའི་གྱོན་གོས་4000ཞལ་འདེབས་བརྒྱབ་པ་ལས་བྱ་སྤུའི་གྱོན་གོས་2000མངའ་རིས་ས་ཁུལ་གྱི་སྤུ་ཧྲེང་རྫོང་དང་། རྩྭ་མདའ་རྫོང་། རུ་ཐོག་རྫོང་། སྒར་རྫོང་བཅས་ཀྱི་མཐའ་མཚམས་རྫོང་བཞིའི་དཀའ་ངལ་ཡོད་པའི་ཞིང་འབྲོག་མང་ཚོགས་ལ་ཞལ་འདེབས་བརྒྱབ་པ་དང་། དེ་བྱིངས་ཀྱི་2000ནག་ཆུ་གྲོང་ཁྱེར་གྱི་ཉི་མ་རྫོང་དང་། མཚོ་གཉིས་རྫོང་། ཤན་རྩ་རྫོང་བཅས་ཀྱི་དཀའ་ངལ་ཡོད་པའི་ཞིང་འབྲོག་མང་ཚོགས་ལ་ཞལ་འདེབས་བརྒྱབ་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཞལ་འདེབས་དངོས་ཟོག་ཟླ་1ཚེས་15ཉིན་ནག་ཆུ་གྲོང་ཁྱེར་དང་མངའ་རིས་ས་ཁུལ་དུ་བདེ་བླག་ངང་འབྱོར་བ་རེད། ནག་ཆུ་གྲོང་ཁྱེར་དང་མངའ་རིས་ས་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་པས་ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་དང་པོ་སི་ཏེང་ཚོགས་པར་ཐུགས་རྗེ་ཆེ་གང་ལེགས་ཞུས་པ་དང་འབྲེལ། ཞལ་འདེབས་དངོས་ཟོག་དེ་དག་དུས་ཐོག་ཏུ་དཀའ་ངལ་ཡོད་པའི་མང་ཚོགས་ཚོར་སྤྲད་ནས་ཁོང་ཚོར་དངོས་སུ་ཕན་ཐོགས་པར་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད།


རྩོམ་སྒྲིག་པ།