བོད་ཀྱི་རྒྱ་ཆེའི་གསར་འགྱུར་ལས་དོན་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་གཉིས་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་བྱས་པ།

ཡོང་ཁུངས། སྤེལ་དུས 2019-01-28

 ཚེས་25ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀུན་འདུས་སྨྱན་སྦྱོར་དུས་རབས་དང་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་གཉིས་པ་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གནང་སྐབས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཀུན་འདུས་སྨྱན་སྦྱོར་བསྐྲུན་རྒྱུ་དེ་ང་ཚོར་འཕྲད་པའི་ཁ་ཚ་དགོས་གཏུགས་ཀྱི་ཞིབ་འཇུག་བྱ་གཞི་ཞིག་ཏུ་གྱུར་ཡོད་ཅེས་ནན་བཤད་གནང་ཡོད། དེའི་ཐད་རང་ལྗོངས་ཀྱི་རྒྱ་ཆེའི་གསར་འགྱུར་ལས་དོན་པའི་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད་པ་རེད། 

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་དུས་རབས་ཀྱི་སྤྱི་ཡོངས་ཀྱི་འཐབ་ཇུས་མིག་རྒྱང་ཐོག་ནས་དུས་གནས་རྟོག་དཔྱོད་གནང་སྟེ་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་ཆེད་བླང་བྱ་རབ་དང་རིམ་པ་བཏོན་གནང་ཡོད། དེ་ཐོག་ནས་དུས་རབས་གསར་པའི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་གསལ་རྟོགས་གཏིང་ཟབ་གནང་བ་མཚོན་ཡོད་ལ། ཏང་གི་གསར་འགྱུར་བྱ་གཞག་འཕེལ་རྒྱས་དེ་བས་ལེགས་པ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་འཐབ་ཇུས་རང་བཞིན་གྱི་དོན་སྙིང་ལྡན་པའི་བཀོད་སྒྲིག་གནང་ཡོད།  དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་གསར་འགྱུར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཕུགས་ལ་ཐུགས་བསམ་ཟབ་མོ་བཞེད་ལུགས་མཚོན་ཡོད་ལ། རང་རེའི་ཏང་གི་སྤྱི་ཡོངས་ཀྱི་གསར་འགྱུར་ལས་དོན་དང་གསར་འགྱུར་ལས་དོན་པ་ཡོངས་ལ་ཐུགས་ཁུར་དང་གཅེས་སྐྱོང་གནང་ལུགས་ཀྱང་མཚོན་ཡོད། ཏང་གི་གསར་འགྱུར་འཐབ་ཕྱོགས་ཀྱི་ཁོངས་མི་ཞིག་གི་ཆ་ནས་རང་སེམས་ལ་དཔྱིད་རླུང་ལྡང་བ་ལྟར་སེམས་ཤུགས་སྐྱེས་བྱུང་ལ་སློབ་གསོ་དང་སྐུལ་ལྕག་ཀྱང་ཆེན་པོ་ཐེབས་བྱུང”ཞེས་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཡེ་ཤེས་རྒྱ་མཚོས་བརྗོད། 

སྨྱན་སྦྱོར་མཉམ་འདྲེས་ནི་དུས་རབས་ཀྱི་འཕེལ་ཕྱོགས་དང་དུས་ཀྱི་འཁོར་ཕྱོགས་ཡིན་ལ་དུས་རབས་གསར་པའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དེ་བས་རེད། དེང་གི་ཆ་འཕྲིན་གསར་བརྗེར། གང་ཞིག་གིས་འཕེལ་ཕྱོགས་ཆེན་པོ་དང་བསྟུན་ནས་ཀུན་འདུས་སྨྱན་སྦྱོར་གྱིས་དུས་རབས་ལ་སྣེ་ཁྲིད་བྱས་ཚེ་གང་དེས་འཐབ་ཇུས་ཀྱི་རང་འགུལ་སྟངས་འཛིན་བྱེད་ཐུབ། དེའི་ཐད། ཡེ་ཤེས་རྒྱ་མཚོས་བོད་ལྗོངས་ཉིན་རེའི་ཚགས་པར་རང་སྐྱོང་ལྗོངས་ཏང་ཨུད་ལས་ཁུངས་ཀྱི་ཚགས་པར་ཞིག་གི་ཆ་ནས་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་དར་ཆ་གསལ་སྟོན་གྱིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། གླེང་ཕྱོགས་ཀྱི་ཕྱོགས་སྟོན། རིན་ཐང་གཉེར་ཕྱོགས་བཅས་མཐའ་འཁྱོངས་བྱས་ནས་འདུ་ཤེས་དང་། ནང་དོན། རྣམ་པ། བྱ་ཐབས། ཐབས་ཤེས་སོགས་ལ་གསར་གཏོད་བྱས་པ་བརྒྱུད། དྲང་ཕྱོགས་དྲིལ་བསྒྲགས་ཀྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་མངོན་གསལ་དོད་པོ་གཏོང་གི་ཡིན། འགྲོ་ནུས་དང་། ལྟ་ནུས། བསམ་ནུས། རྩོམ་ནུས་བཅས་དེ་བས་ལེགས་པའི་ངང་ཆེ་རུ་བཏང་ནས་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་འགན་འཁྲི་དང་ལས་འགན་ཏན་ཏིག་སྒྲུབ་ཆེད་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རྩ་བའི་གཞི་འཛིན་སར་བྱེད་པ་དང་། གསར་འགྱུར་ཁྱབ་སྤེལ་གྱི་ཆོས་ཉིད་དང་གསར་དར་སྨྱན་སྦྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ནན་པོ་ཆུད་པ། དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་པ། དྲ་སྦྲེལ་གྱི་བསམ་གཞིག་ལ་ཤུགས་སྣོན་རྒྱག་པ། སྔོན་ཐོན་གྱི་ལག་རྩལ་གྱིས་འདེགས་སྐྱོར་མཐའ་འཁྱོངས་བྱེད་པ། ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་རྩ་བར་འཛིན་པ། སྲོལ་རྒྱུན་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་གྱི་ལེགས་ཆ་གསབ་རེས་དང་གཞི་གཅིག་ཅན་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་བ། མི་སེམས་སུ་ཟུག་པའི་བརྒྱུད་བསྒྲགས་ལ་བརྟེན་ནས། གཙོ་རྒྱུན་སྨྱན་སྦྱོར་གྱི་ཁྱབ་སྤེལ་གྱི་ནུས་པ་དང་། ཁྲིད་སྟོན་གྱི་ནུས་པ། ཤུགས་རྐྱེན་གྱི་ནུས་པ། དམངས་མགུའི་ནུས་པ་ཆེ་རུ་གཏོང་བ། དྲ་ཐོག་དང་དྲ་འོག་ཏུ་སེམས་མཐུན་འཁོར་རྒྱ་ཆགས་པ་བཅས་བྱས་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་བསམ་པའི་སྟོབས་ཤུགས་ཤུགས་ཆེན་དང་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་བརྗོད། 

ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཉིན་རེའི་ཚགས་པར་གྱིས་སྨྱན་སྦྱོར་མཉམ་འདྲེས་འཛུགས་སྐྱོང་ལ་སྐུལ་འདེད་ནུས་ལྡན་བཏང་ནས“སྐད་འཕྲིན་གཉིས་དང་སྤྱོད་སྣེ་གཅིག”གི་ཏང་གི་ཚགས་པར་གྱི་སྨྱན་སྦྱོར་གསར་པའི་སྤུས་རྟགས་ནུས་ལྡན་བཏོད་དེ་གསར་འགྱུར་དྲིལ་བསྒྲགས་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཐོག་བོད་ཀྱི་དམིགས་བསལ་ལྗོངས་བབ་འོག་གི་སྨྱན་སྦྱོར་གསར་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ཡོད། 2018ལོར། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་སྐད་འཕྲིན་སྤྱི་རྟགས་སྤྱོད་མཁན་ལོ་འགོའི་མི་ཁྲི་8ནས་མི་ཁྲི་14བར་མང་དུ་ཕྱིན་པ་དང་། ལྟ་ཀློག་བྱེད་ཚད་བསྡོམས་འབོར་ཁྲི་1384ཟིན་པ། གསར་འགྱུར་རྩོམ་ཡིག་2210བཀོད་པ་དང་། དེའི་ནང་ལྟ་ཀློག་བྱེད་ཚད་ཁྲི་10ཟིན་པ་ཁག་གསུམ་དང་། ཁྲི་5ཟིན་པ་ཁག་11 ཁྲི་1ཟིན་པ་ཁག་170ཟིན་ཡོད། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་སྐད་འཕྲིན་སྤྱི་རྟགས་ལོ་ཧྲིལ་པོའི་ཟླ་བ་དང་པོ་ནས་བརྒྱད་པའི་བར་ལྗོངས་ཡོངས་ཀྱི་སྲིད་དོན་སྐད་འཕྲིན་སྤྱི་རྟགས་ཀྱི་ཨང་དང་པོར་སླེབས་ཡོད། 

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཉན་རྗེས་ང་ལ་སེམས་འགུལ་ཚད་མེད་ཐེབས་བྱུང་། ང་རང་དུས་རབས་གསར་པའི་སྨྱན་སྦྱོར་ལས་དོན་པས་གཟི་བརྗིད་ཡིན་པའི་ཚོར་སྣང་བྱུང་། ངས་དུས་རབས་གསར་པ་དང་སྤྱི་ཚོགས་གསར་པའི་འཕེལ་རྒྱས་ནང་སྨྱན་སྦྱོར་མཉམ་འདྲེས་ཀྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་ཐུབ་བྱུང་། ངས་སེམས་གནས་ཤིང་ལུས་ཚུགས་པ་དང་རང་འཁྲིའི་ལས་ཀ་ཡག་པོ་བསྒྲུབས་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པ་འཛུགས་སྐུན་ལ་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་ཀྲུང་གོའི་བོད་ལྗོངས་འཕྲིན་དྲའི་སྨྱན་སྦྱོར་གསར་སྤེལ་ལས་དོན་པ་ཝང་ལིས་བརྗོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཉན་རྗེས་ཁོང་སེམས་ཤུགས་ཀྱིས་ཁེངས་ཡོད། 

བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་བཅར་འདྲི་ཆེན་པོའི་ལྟེ་གནས་ཀྱི་གསར་འགོད་པ་ཡ་ཉི་སྨིས་གསར་འགྱུར་ལས་དོན་པ་ཞིག་གི་ངོས་ནས་སྨྱན་སྦྱོར་མཉམ་འདྲེས་ཀྱིས་ངའི་ཡིད་དབང་བཀུག་བྱུང་ལ་འགྲན་སློང་ཆེན་པོ་ཡོད་པའང་ཚོར་བྱུང་། ངས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བློ་ལ་བརྟན་པོར་ངེས་ནས་སྲོལ་རྒྱུན་སྨྱན་སྦྱོར་གྱི་ལས་དོན་ལེགས་པར་སྒྲུབ་པ་དང་ཆབས་ཅིག་སྨྱན་སྦྱོར་གསར་པའི་ལག་རྩལ་སྣ་ཚོགས་སློབ་སྦྱོང་ལ་ཤུགས་སྣོན་རྒྱུན་ཆད་མེད་པར་བརྒྱབ་ནས་དུས་རབས་ཀྱི་གོམ་སྟབས་ཀྱི་རྗེས་དམ་པོར་སྙེག་པ་དང་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དུས་རབས་ཀྱི་རླབས་རྒྱུན་ཁྲོད་ཞུགས་ནས་སྲོལ་རྒྱུན་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་མཉམ་འདྲེས་ཧུར་ཐག་ཐུབ་པ་དང་། དྲིལ་བསྒྲགས་ཀྱི་ཕན་འབྲས་ཆེ་ཤོས་དང་ལེགས་ཤོས་ཐོན་པར་བྱས་ཏེ་དུས་རབས་གསར་པའི་གསར་འགྱུར་ལས་དོན་པ་ཚད་ལོན་ཞིག་བྱེད་ཀྱི་ཡིན་ཞེས་བརྗོད། 


རྩོམ་སྒྲིག་པ།