ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས།

རྒྱ་བོད་སྐད་གཉིས་ཀྱི་དངུལ་རྩའི་ཞབས་འདེགས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པ།

ཡོང་ཁུངས། སྤེལ་དུས 2019-01-28

ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ཡིག་སྒྱུར་པུའུ་ཡིས་དངུལ་རྩའི་རྒྱ་བོད་སྐད་གཉིས་ཀྱི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་དངུལ་རྩས་“ཞིང་གསུམ”ལ་ཞབས་འདེགས་གང་ལེགས་ཞུ་ཆེད་ཡིག་སྒྱུར་གྱི་ཁྱད་ལྡན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།

སྤྱི་ལོ་2018ལོར། ཞིང་ལས་སྤྱི་ཁྱབ་དངུལ་ཁང་དང་བོད་ལྗོངས་ཡན་ལག་དངུལ་ཁང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་། བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་(རྩོམ་སྒྱུར་ཅུས)གིས་རྒྱབ་སྐྱོར་ཤུགས་ཆེན་དང་ཐུགས་ཁུར་མཛུབ་སྟོན་འོག ཀྲུང་དབྱང་དང་རང་སྐྱོང་ལྗོངས་དེ་བཞིན་ཞིང་ལས་སྤྱི་ཁྱབ་དངུལ་ཁང་དང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ཡིག་ཆ་གལ་ཆེན་70ལྷག་ཙམ་དང་ཡིག་འབྲུ་ཁྲི་ཚོ་49ལྷག་ཙམ་ཡིག་སྒྱུར་བྱས་ཏེ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་དུས་ཐོག་ཏུ་དངུལ་རྩའི་སྲིད་ཇུས་དང་དངུལ་རྩའི་ཐོན་རྫས་ཀྱི་ཤེས་བྱ་སོགས་བརྒྱུད་བསྒྲགས་གང་ལེགས་བྱས་པ་རེད། དེ་དང་ཕྱོགས་མཚུངས་དངུལ་རྩའི་རྒྱ་བོད་ཡིག་སྒྱུར་གྱི་མི་སྣ་གསོ་སྐྱོང་བྱ་ཆེད་རིགས་ཁག་གི་གསབ་སྦྱོང་འཛིན་གྲྭར་ཧུར་ཐག་ཞུགས་པ་དང་། བོད་ཡིག་གི་རྩོམ་ཡིག་དང་རྒྱ་བོད་ཡིག་སྒྱུར་གྱི་འགྲན་བསྡུར་བྱེད་སྒོ་སྤེལ་བ་སོགས་ཀྱི་བྱ་ཐབས་སྤྱད་ནས་དངུལ་རྩའི་ཡིག་སྒྱུར་གྱི་བྱ་གཞག་གོང་འཕེལ་ཡོང་བར་བྱས་པ་རེད།


རྩོམ་སྒྲིག་པ།