དགུན་དུས་བོད་དུ་ཡུལ་སྐོར་ལ་ཡོང་ན་གཟིགས་སྐྱོང་སྲིད་ཇུས་མང་།

ཡོང་ཁུངས། སྤེལ་དུས 2019-12-11

687675_yis_1575778688258_s.jpg

འདི་ལོའི་ཟླ་10པར་རང་ལྗོངས་ཀྱིས་རེས་སྐོར་གསུམ་པའི“དགུན་དུས་བོད་དུ་ཡུལ་སྐོར་བྱེད”ཅེས་པའི་བྱེད་སྒོ(2019ལོའི་ཟླ་10ཚེས་15ནས་2020ལོའི་ཟླ་3ཚེས་15ཉིན་བར)སྤེལ་ཏེ་བོད་དུ་ཡུལ་སྐོར་ལ་ཡོང་ན་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་ཡོད་པའི་སྐོར་ཁྱབ་བསྒྲགས་བྱས་ནས་དགུན་དུས་ཡུལ་སྐོར་ཁྲོམ་ར་འཁྲུག་པོ་ཡོང་བར་སྐུལ་འདེད་བཏང་ཡོད། ཉིན་ཤས་བསྟུད་མར་གསར་འགོད་པས་ལྷ་སའི་མཛེས་ལྗོངས་ཁུལ་ཁག་གཅིག་ནས་ཤེས་རྟོགས་བྱུང་བར། མཛེས་ལྗོངས་ཁུལ་ཁག་གི་ཡུལ་སྐོར་བའི་མི་གྲངས་མང་དུ་ཕྱིན་པ་དང་ལྷག་པར་དུ་ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་སོགས་སུ་འགྲོ་མཁན་མང་བའི་མཛེས་ལྗོངས་ཁུལ་དུ་སྤ་སེ་སྔོན་མངགས་བྱེད་མཁན་མང་བས་བང་ཡུན་རིང་སྒྲིག་དགོས་ཀྱི་ཡོད་ཅིང་། འདི་ནི་ཕོ་བྲང་པོ་ཏ་ལར་འགྲོ་རྩིས་ཡོད་པའི་ཡུལ་སྐོར་བ་ཚོས་བང་སྒྲིག་བཞིན་པ།


རྩོམ་སྒྲིག་པ།