འདེབས་འཛུགས་ལག་རྩལ་སློབ་པ།

ཡོང་ཁུངས། སྙིང་ལྕགས སྤེལ་དུས 2016-11-02 10:13:34

21a832dbfdd6a449673778.jpg

    ཉེ་ཆར། ཧྲང་ཧའེ་ཕུའུ་ཏུང་ཁུལ་གསར་དང་རྒྱལ་རྩེ་རྫོང་གིས་མཉམ་དུ་བསྐྲུན་པའི་རྒྱལ་རྩེའི་རོང་ས་དམར་པོ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དེ་རྒྱལ་རྩེ་རྫོང་རྒྱལ་རྩེ་གྲོང་རྡལ་དང་། མྱང་སྟོད་ཤང་། འཕྲེང་རིང་ཤང་བཅས་ཤང་གྲོང་གསུམ་གྱི་སྲིད་འཛིན་གྲོང་ཚོ་བརྒྱད་ལ་ཁྱབ་པར་ས་ཞིང་མུའུ་ཁྲི་6ཟིན་པ་དག་ལྟེ་བའི་ཁུལ་དང་ཁྱབ་འགྱེད་ཁུལ་གཉིས་སུ་བགོས་ཡོད། དཔེ་སྟོན་ཁུལ་བསྐྲུན་པ་དེས་ས་གནས་དེ་གའི་མང་ཚོགས་ལ་ཕན་པ་ཐོབ་སྟེ་རྒྱལ་རྩེ་རྫོང་དེ་རྒྱུན་སྲོལ་གྱི་ཞིང་ལས་འདེབས་ལས་ནས་དེང་རབས་ཞིང་ལས་ཕྱོགས་སུ་འཕེལ་རྒྱས་སོང་ཞིང་། འདི་ནི་གླིང་ཁུལ་གྱི་ལག་རྩལ་པས་མང་ཚོགས་ལ་འདེབས་འཛུགས་ལག་རྩལ་སློབ་བཞིན་པ།


རྩོམ་སྒྲིག་པ། སྙིང་ལྕགས