"ཁ་ཟས"ལས་ལོ་གསར་གྱི་དྲི་ཞིམ་འཐུལ་བ།

ཡོང་ཁུངས། སྤེལ་དུས 2018-02-01 11:45:14

           མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་30ཉིན། བོད་ལྗོངས་ལྷ་སའི"ཁ་ཟས"ཕྱིར་ཚོང་གི་ཚོང་ཁང་ཞིག་གི་ནང་དུ་ལས་མི་ཞིག་གིས་བཟོས་ཟིན་པའི"ཁ་ཟས"འཇོག་སྒྲིག་བྱེད་བཞིན་ཡོད་པ་རེད། བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་སྐབས་འདིར། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་གྲོང་མི་ཚོས་གཅིག་རྗེས་གཉིས་མཐུད་ངང"ཁ་ཟས"སོགས་ལོ་གསར་གྱི་ཉེར་མཁོ་ཉོ་བཞིན་ཡོད་ཅིང་། ཁྲོམ་གཞུང་དུ་ལོ་གསར་གྱི་རྣམ་པ་རིམ་བཞིན་ཟབ་ཏུ་འགྲོ་བཞིན་ཡོད་པ་རེད། "ཁ་ཟས"ནི་མངར་ཟས་ཤིག་ཡིན་པ་དང་། བོད་རིགས་ཁྱིམ་ཚང་གིས་བོད་ཀྱི་ལོ་གསར་སྐབས་མགྲོན་པོར་བསུ་བ་ཞུ་བར་ངེས་མཁོའི་དངོས་རྫས་ཤིག་རེད།

རྩོམ་སྒྲིག་པ།