ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་བཞིན་པ།

ཡོང་ཁུངས། sangdadmin སྤེལ་དུས 2016-10-31 17:33:01

a3bd0e357fb6194f19e3ce.jpg

འདི་ལོ། རང་སྐྱོང་ལྗོངས་ཀྱིས་མི་ཁྲི་2.5ཡུལ་གཞན་ལ་གནས་སྤོས་དབུལ་སྐྱོར་བྱས་ཏེ། གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ལས་ཀ་བྱ་རྒྱུ་ཡོད་པ། ཕྱུག་འགྱུར་ཐུབ་པ་བཅས་བྱས་ཏེ། གནས་སྤོ་བྱེད་མཁན་གང་མགྱོགས་དབུལ་སྒྲོལ་ཐུབ་པ་དང་འཚོ་ཐབས་ཐག་གཅོད་བྱས་ནས། གནས་སྤོ་བྱས་པའི་མི་འབོར་དབུལ་པོ་2020ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་མི་ རིགས་ཁག་གི་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་ སླེབས་ཐུབ་པའི་འགན་ལེན་བྱ་དགོས་པའི་བླང་བྱ་བཏོན་པ་རེད། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་རྟ་དཀར་ཤང་གནད་སྨིན་དབུལ་སྐྱོར་ཡུལ་གཞན་དུ་གནས་ སྤོ་ཚོགས་ཆུང་གིས་ཟས་མདའ་གྲོང་ཚོ་དང་། ཟས་ཕུ་གྲོང་ཚོ། རྟ་དཀར་གྲོང་ཚོ། བྱེ་ནུབ་གྲོང་ཚོ་བཅས་ཐེམ་ཐོའི་ནང་འཇུག་པའི་ལས་དོན་ལེགས་སྒྲུབ་བྱས་ཤིང་། ད་ཐེངས་གནས་སྤོ་བྱེད་རིང་ཁང་པ་184བསྐྲུན་ཡོད་པ་དང་དུས་མཚུངས། གསང་སྤྱོད་དང་གྲོང་ཚོའི་རིག་གནས་བྱེད་སྒོའི་ལྟེ་གནས་སོགས་སྤྱི་པའི་སྒྲིག་ བཀོད་སྒྲིག་སྦྱོར་བྱས་ཤིང་། འདི་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་གནས་སྤོ་བྱ་ཡུལ་གྱི་སྟར་བསྒྲིགས་བོད་ བཟོའི་ཁང་པ་ཡིན་པ།


རྩོམ་སྒྲིག་པ། sangdadmin