ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དངོས་མང་སྟོན་ཚོགས་ཀྱི་སྤུས་རྟགས་འོས་སྦྱོར་འདུ་ཚོགས་ཏི་པའེ་རུ་གཉེར་བ།

ཡོང་ཁུངས། སྤེལ་དུས 2018-12-14 16:16:37

 ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དངོས་མང་སྟོན་ཚོགས་ཀྱི་སྤུས་རྟགས་འོས་སྦྱོར་འདུ་ཚོགས་དང་ཀྲུང་གོའི(ཉིང་ཞ)ཐོན་ཟོག་སྤུས་ལེགས་ཀྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་དེ་ཚེས་11ཉིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏི་པའེ་རུ་གཉེར་བ་དང་། དེའི་དམིགས་ཡུལ་ནི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་དམངས་ཚོགས་དང་ཁེ་ལས་ལ་2019ལོའི་ཀྲུང་ཨའི་དངོས་མང་སྟོན་ཚོགས་འོས་སྦྱོར་བྱེད་པ་དང་ཆབས་ཅིག་ཉིང་ཞའི་ལེགས་ལྡན་ཁེ་ལས་དང་ཐོན་ཟོག་གྲགས་ཅན་དྲིལ་བསྒྲགས་བྱ་རྒྱུ་དེ་རེད།

འོས་སྦྱོར་འདུ་ཚོགས་ཐོག་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་དངོས་མང་སྟོན་ཚོགས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་སྐབས་རིམ་བྱུང་གི་ཀྲུང་ཨའི་དངོས་མང་སྟོན་ཚོགས་དང་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་གླེང་སྟེགས་ཐོག་ཐོབ་པའི་གྲུབ་འབྲས་གལ་ཆེན་དང་2019ལོའི་ཀྲུང་ཨའི་དངོས་མང་སྟོན་ཚོགས་ཀྱི་སྤྱིའི་སྒྲོམ་གཞི་དང་། སྟོན་ཚོགས་གཉེར་བའི་བསམ་ཕྱོགས། བྱེད་སྒོ་གཙོ་བོ་དང་གྲ་སྒྲིག་གནས་ཚུལ་སོགས་ངོ་སྤྲོད་བྱས་པ་དང་འབྲེལ་ཚོགས་ཞུགས་ཁེ་ལས་ཀྱི་འཐུས་མིར་འགྲེམས་སྟོན་ནང་ཞུགས་རྒྱུའི་གདན་ཞུ་བྱས་པ་རེད།

2010ལོ་ནས་བཟུང་ཉིང་ཞས་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་གླེང་སྟེགས་སྐབས་གསུམ་དང་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དངོས་མང་སྟོན་ཚོགས་སྐབས་གསུམ་གྲུབ་འབྲས་ལྡན་པའི་ངང་འཚོགས་པར་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་། ས་ཁུལ། རྒྱལ་སྤྱིའི་སྒྲིག་གཞི་བཅས་140ལྷག་དང་། ཚོང་དོན་མཐུན་ཚོགས་་ཆེ་གྲས་256ཁེ་ལས་ཆེ་འབྲིང་དང་དངུལ་རྩའི་སྒྲིག་གཞི་7732ཀྱི་འཐུས་མི། འགྲེམས་ཞུགས་ཚོང་པ་དང་ཉོ་སྒྲུབ་ཚོང་པ་ཁྲི་5.7བཅས་ཞུགས་ནས་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་མ་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད། 2019ལོའི་ཀྲུང་ཨའི་དངོས་མང་སྟོན་ཚོགས་དེ་སང་ལོའི་ཟླ་དགུ་པར་དབྱིན་ཁྲོན་དུ་འཚོག་རྒྱུ་ཡིན་པ་རེད།

རྩོམ་སྒྲིག་པ།