༄༅།།མཚོ་སྐོར་འགྲན་བསྡུར་བྱེད་འགོ་ཚུགས་པ།

ཡོང་ཁུངས། སྙིང་ལྕགས སྤེལ་དུས 2016-11-01 12:05:04

    ཟླ་7ཚེས་20ཉིན་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་འགོ་ཚུགས་ཤིང་། ཡུག་རེན་གྱི་ཁོའར་སི་རུ་ཁག་གི་ཕུའུ་ཚེ·ཝུའེ་ཐ་ལིས་མི་སྒེར་གྱི་གྲུབ་འབྲས་ཨང་དང་པོ་མཚོན་པའི་འོག་འཇུག་སེར་པོ་མུ་མཐུད་རྒྱུན་འཁྱོངས་པ་བྱས་པ་དང་འབྲེལ། མཐའ་མའི་གདོང་མཆོང་གི་གྲུབ་འབྲས་མཚོན་པའི་འོག་འཇུག་ལྗང་ཁུ་ཡང་ཐོབ་ཡོད་པ་རེད།
     གོང་ཚེས་ཉིན། མཚོ་སྐོར་འགྲན་བསྡུར་དེ་འགྲན་ཐེངས་བཞི་པར་སླེབས་པ་དང་། འགོ་འཛུགས་ས་ནི“གནམ་འོག་གི་རྨ་ཆུ་དྭངས་ཤོས”ཞེས་འབོད་ཡོད་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་ཀ་རྫོང་དུ་ཡིན་པ་དང་། མཐའ་ཚིགས་དེ་ཀྲུང་གོའི་སྐམ་སའི་དབུས་ཁུལ་བ་ཚྭའི་མཚེའུ་ཆེ་ཤོས་ཏེ་མཚོ་སྔོན་པོ་ཡིན་པ། འགྲན་དུམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་147ཡོད་པ་རེད། མཐའ་ཚིགས་ཀྱི་ས་བབ་དེ་འགོ་འཛུགས་ས་ཚིགས་ལས་སྨི་1000མཐོ་རུ་ཕྱིན་པ་དང་། ལམ་བར་དུ་མཐའ་མའི་གདོང་མཆོང་ས་གནས་གཉིས་བཀོད་སྒྲིག་བྱས་པའི་ནང་། གཅིག་ནི་Hརིམ་པའི་གྱེན་འཛེག་ས་ཚིགས་ཡིན་པ་རེད།
འགྲན་ཐེངས་དེ་མཇུག་འགྲིལ་རྗེས། ཧ་སག་སི་ཐན་རུ་ཁག་གི་ཀེ་ཏི་ཁྲི·ཡེ་ཝུའུ་ཀེ་ཉིས་ཨེ་ཤེ་ཡའི་གྲུབ་འབྲས་ལེགས་ཤོས་མཚོན་པའི་འོག་མཇུག་སྔོན་པོ་མུ་མཐུད་མཐའ་འཁྱོངས་བྱས་པ་དང་། ཨོའར་ཐེ་ཅ·ལ་སྨི་ལའེ་སིར་རུ་གྲོགས་ཁོའོ་ལུའོ་ན་ཏུའོ་ལས་སྐར་མ་11མགྱོགས་པའི་གྲུབ་འབྲས་ཐོག་ནས་འོག་མཇུག་ཁྲ་ཁྲ་ཐོབ་ཡོད་ལ། འགྲན་དུམ་དེའི་འགྲན་ཕོད་བྱ་དགའ་ནི་གོང་ཚེས་ཉིན་དཔའ་ངར་ལྷག་ཏུ་ཆེ་བའི་མཚོ་སྔོན་ཐན་ཡིའུ་ཏེ་རུ་ཁག་གི་ཀྲང་ཀྲི་ཧྲན་ལ་ཐོབ་ཡོད་པ་རེད།
ཚེས་21ཉིན་མཚོ་སྐོར་འགྲན་བསྡུར་གྱི་ལྟད་མོ་ཆེ་ཤོས་འགྲན་དུམ་སྟེ། མཚོ་སྔོན་པོ་ནས་རྐང་ཚའི་བར་གྱི་འགྲན་བསྡུར་ཡིན་པ་རེད།

རྩོམ་སྒྲིག་པ། སྙིང་ལྕགས