དབྱིན་ཇིའི་ཐའེ་ཐེ་མཛེས་རྩལ་ཁང་གིས་ཧྲང་ཧའེ་ལ་རིག་གནས་ཀྱི་ས་གཤིས་མཚོན་རྟགས་གསར་པ་ཞིག་གཏོད་རོགས་བྱ་རྒྱུ་ཡིན་པ།

ཡོང་ཁུངས། སྤེལ་དུས 2019-06-14

ཚེས་11ཉིན། དབྱིན་ཇིའི་ཐའེ་ཐེ་མཛེས་རྩལ་ཁང་དང་ཧྲང་ཧའེ་ལུའུ་ཅ་ཙུའེ་ཚོགས་པས་ལོན་ཏོན་དུ་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་དེ་ཧྲང་ཧའེ་རིག་གནས་ཀྱི་ས་གཤིས་མཚོན་རྟགས་ཕུའུ་ཏུང་མཛེས་རྩལ་ཁང་མཉམ་དུ་གཏོད་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐའེ་ཐེ་མཛེས་རྩལ་ཁང་གིས་ཧྲང་ཧའེ་ལུའུ་ཅ་ཙུའེ་ཚོགས་པའི་ཕུའུ་ཏུང་མཛེས་རྩལ་ཁང་འཛུགས་སྐྲུན་ཐད་དུས་ཡུན་ལོ་གསུམ་གྱི་གསོ་སྦྱོང་དང་བློ་འདྲིའི་ཞབས་ཞུ་བྱ་རྒྱུ་དང་འབྲེལ། 2021ལོར་ཕུའུ་ཏུང་མཛེས་རྩལ་ཁང་སྒོ་མོ་ཕྱེ་བའི་འགྲེམས་སྟོན་ཆེན་པོ་མཉམ་དུ་གཉེར་རྒྱུ་རེད། སྒོ་མོ་ཕྱེ་རྗེས་ཀྱི་ལོ་གཉིས་ནང་ཕྱོགས་གཉིས་པོས་ཐའེ་ཐེ་མཛེས་རྩལ་ཁང་གི་འགྲེམས་སྟོན་གཉིས་མཉམ་དུ་གཉེར་རྒྱུ་དང་འཐབ་ཇུས་མཉམ་ལས་ཀྱི་འབྲེལ་བ་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་རེད།

རྩོམ་སྒྲིག་པ།