དགའ་བསུ་ཞུ་ཕེབས་ནས་བོད་ལྗོངས་ཀྱི་ཞིང་འབྲོག་དཔལ་འབྱོར་ཆ་འཕྲིན

ཐོན་སྐྱེད་ནུས་ཤུགས་འཕེལ་བར་བྱས།

སྤེལ་དུས :2017-05-17 14:48:32
རྩོམ་སྒྲིག་པ།:admin

376154_yis_1489643709911.jpg

བསྡོམས་རྩིས་ལྟར་ན། 2016ལོར་རང་ལྗོངས་ཀྱིས་སོན་བཟང་མུའུ་ཁྲི་227ཁྱབ་གདལ་བཏང་བ་དང་། སྔོ་ཚལ་སྣ་ཁ་120ལྷག་ཙམ་ནང་འདྲེན་བྱས་ཏེ་ཚོད་འདེབས་བྱས་པ། བ་གླང་མགོ་གྲངས་ཁྲི་26རྒྱུད་པ་ལེགས་སུ་བཏང་བ། སྔོ་གཟན་མ་རྨོས་ལོ་ཏོག་དང་གྲོ་ནག་སོགས་སྤུས་ལེགས་གཟན་རྩྭ་གཟན་ཆག་མང་དུ་བཏང་བ། མི་ཐབས་ལ་བརྟེན་ནས་རྩྭ་མུའུ་ཁྲི་25.7བཏབ་པ། ཞིང་ལས་སྐྱེ་དངོས་ཀྱི་སོན་བཟང་ཁྱབ་ཚད་85%ཟིན་པ་བྱས་ཤིང་། འདི་ནི་རང་ལྗོངས་ཀྱི་ཚན་རྩལ་མི་སྣས་སོན་བཟང་འདེབས་གསོའི་ཚོད་ལྟ་བྱེད་པའི་གནས་ཚུལ་ཡིན་པ།


ཡོང་ཁུངས།:xznjw