དགའ་བསུ་ཞུ་ཕེབས་ནས་བོད་ལྗོངས་ཀྱི་ཞིང་འབྲོག་དཔལ་འབྱོར་ཆ་འཕྲིན

ཟི་ཁྲོན་ནས་བོན་གྱི་ལོ་ངོ་སྟོང་གི་བྲག་བརྐོས་རི་མོ་བརྩལ་རྙེད་བྱུང་བ།

སྤེལ་དུས :2017-05-19 11:49:44
རྩོམ་སྒྲིག་པ།:admin

ཆེད་མཁས་པས་རྟོག་ཞིབ་གནང་བཞིན་པ།

   སྤྱི་ཟླ༥པའི་ཚེས༡༩ནས་ཚེས༢༢ཉིན་བར། ཀྲུང་གོའི་གྲགས་ཅན་གྱི་བོད་བརྒྱུད་ནང་བསྟན་གནའ་རྫས་རྟོག་ཞིབ་མཁས་ཅན་དགེ་རྒན་ཆེན་མོ་ཝུན་ཡུས་ཁྲེང་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་གྲགས་ཅན་གྱི་བོད་ཀྱི་བྲག་བརྐོས་རི་མོ་མཁས་ཅན་གྱི་དགེ་རྒན་ཆེན་མོ་ཀྲང་ཡཱ་ཧྲ་ཡིས་མཉམ་དུ་ཟི་ཁྲོན་ཅིན་ཁྲོན་རྫོང་ནང་ཁོངས་ནས་བརྩལ་རྙེད་བྱུང་བའི་བྲག་བརྐོས་རི་མོར་རྟོག་ཞིབ་གནང་ཡོད་པ་རེད། ས་ཡུལ་དངོས་སུ་རྟོག་ཞིབ་གནང་བ་བརྒྱུད་ཁྱོན་བྲག་བརྐོས་འདྲ་སྐུ༩བརྩལ་རྙེད་ཐུབ་ཡོད་པ་རེད།
  ཤེས་རྟོགས་བྱུང་བར། དུས་རབས༡༡པ་ནས་༡༢པའི་བར་གྱི་བོན་གྱི་བྲག་བརྐོས་རི་མོ་ནི་མིག་སྔར། བརྩལ་རྙེད་ཐུབ་བའི་བོན་གྱི་གཞི་རྒྱ་ཆེ་ཤོས་ཀྱི་བྲག་བརྐོས་རི་མོ་ཡིན་པ་རེད།


ཡོང་ཁུངས།:xznjw