དགའ་བསུ་ཞུ་ཕེབས་ནས་བོད་ལྗོངས་ཀྱི་ཞིང་འབྲོག་དཔལ་འབྱོར་ཆ་འཕྲིན

སྲོལ་རྒྱུན་གྱི་སྒྱུ་རྩལ་ལ་གསོན་ཤུགས་དཔག་མེད་ལྡན།

སྤེལ་དུས :2017-05-19 12:45:52
རྩོམ་སྒྲིག་པ།:admin

    ཐང་ག་ནི་བོད་མི་རིགས་ཀྱི་རི་མོའི་སྒྱུ་རྩལ་ནང་གི་དཔེ་མཚོན་ཞིག་ཡིན་པས་དེར་ལོ་རྒྱུས་ཡུན་རིང་ལྡན་པ་དང་སྒྱུ་རྩལ་གྱི་རིན་ཐང་མཐོ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། ཡུན་རིང་ནང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྲོལ་རྒྱུན་གྱི་མི་རིགས་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་ཐང་ག་སོགས་མི་རིགས་ལག་ཤེས་མཛེས་རིས་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་བརྒྱུད་ལག་ཤེས་བྱང་ཆུབ་པའི་བཟོ་རྩལ་མཛེས་རིས་མཁས་ཅན་ཁག་གཅིག་འབུར་དུ་ཐོན་པ་དང་ཆབས་ཅིག་མཚོན་བྱེད་རང་བཞིན་གྱི་ཕུལ་བྱུང་བརྩམས་ཆོས་འབོར་ཆེན་ཡང་གཅིག་མཇུག་གཉིས་མཐུད་ངང་ཐོན་ནས་རང་ལྗོངས་ཀྱི་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་དང་ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཞིང་། འདི་ནི་ཐང་གའི་སྨན་གསར་ལུགས་ཀྱི་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་རིག་འཛིན་སྲི་ཐར་གྱིས་ཐང་ག་བཞེངས་པའི་གནས་ཚུལ་ཡིན་པ། 


ཡོང་ཁུངས།:xznjw